ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་སྐབས་འཕྲལ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྨར་ཁམས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རིམས་ནད་རྐྱེན་གྱིས་དཀའ་ངལ་འཕྲད་པའི”དམིགས་བསལ་ཚོགས་སྤྱིར་བརྟག་དཔྱད་དང་རོགས་སྐྱོབ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྐབས་འཕྲལ་གྱི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་དང་དོ་ཁུར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྐབས་འཕྲལ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་འགན་སྲུང་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཤིང་། མིག་སྔའི་བར། རྫོང་དེས་རིམ་རྩིས་བྱས་ན་སྐབས་འཕྲལ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་349ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་21.37བཏང་སྟེ། སྐབས་འཕྲལ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་258ལ་འབྲས་དང་། གྲོ་ཞིབ། ཐུག་པ་སོགས་སྒོར་ཁྲི་17.55རི་བའི་འཚོ་བའི་དངོས་ཟོག་སྤྲད་པ་རེད།

ཐད་སྦྲེལ་ཁ་པར་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་ཞུར་དུས་ཐོག་ཏུ་ལན་བརྒྱབ་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་པ་ཕུད། སྨར་ཁམས་རྫོང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྦྲེལ་མཐུད་བྱ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། རྫོང་གྲོང་གི་དོ་དམ་ཚོད་འཛིན་ཡུག་ཁུལ་གྱི་ཁུལ་ཆུང་དང་། ཚན་པ། ཁྱིམ་དུད་བཅས་ཁྲོད་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོང་ཚོའི་གཞི་རྩའི་འཚོ་བའི་དགོས་མཁོའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཡོད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་16གི་གྲལ་བཤེར་བྱས་པའི་སྐབས་འཕྲལ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་དང་འབྲེལ་ཡོད་ཀྱི་རེ་ཞུ་གཞིར་བཟུང་། ཤང་དང་གྲོང་རྡལ་ཁག་ལ་སྒོར་ཁྲི་5ནས་ཁྲི་10མན་བར་གྱི་སྐབས་འཕྲལ་རོགས་སྐྱོབ་གྲབས་གསོག་དངུལ་སྤྲད་པ། སྐབས་འཕྲལ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྲོད་ཐེངས་གཅིག་གི་སྐབས་འཕྲལ་རོགས་སྐྱོབ་དངུལ་ལམ་ཡང་ན་འབྲས་དང་། ཐུག་པ། བཟའ་བཅའི་སྣུམ་སོགས་འཚོ་བའི་དངོས་ཟོག་སྤྲད་དེ། གཞི་རྩའི་འཚོ་བར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་རོགས་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།