ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲུ་རིགས་ལོ་ཏོག་གི་འབྲས་བུ་བསྡུ་བའི་དུས་འདིར། ཤིང་ཏོག་རིགས་ཀྱང་ལོ་ལེགས་བྱུང་བའི་དུས་སུ་སླེབས་འདུག ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་ཀུ་ཤུ་རིམ་བཞིན་སྨིན་པའི་དུས་ལ་ཐོན་པ་དང་། ཞིང་བ་རྣམས་ཀྱིས་ཤིང་ཏོག་ར་བའི་ནང་དུ་ཀུ་ཤུ་བཏོག་པའི་ལས་ལ་བྲེལ་བཞིན་ཡོད།
བྲག་གཡབ་རྫོང་གི་ཀུ་ཤུ་ས་བབ་སྨི3500ཡས་མས་ཀྱི་རྫ་ཆུའི་གྲོག་རོང་ས་རྒྱུད་དུ་འདེབས་འཛུགས་བྱས་ཡོད་དེ། ས་གནས་ཀྱི་ཉི་མ་འཆར་ཚད་རིང་ཞིང་དྲོད་ཚད་ཁྱད་པར་ཆེ་བས། ཀུ་ཤུ་ཞིམ་པ་དང་ཀ་ར་འདུས་ཚད་མཐོ་བ་ཡིན། ཉེ་བའི་ལོ་འགའི་རིང་། ཀུ་ཤུ་འདེབས་འཛུགས་དེ་བྲག་གཡབ་རྫོང་གི་གྲོང་མིའི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། མིག་སྔར་རྫོང་ཡོངས་ཀྱི་ཀུ་ཤུའི་འདེབས་འཛུགས་རྒྱ་ཁྱོན་མུའུ5000ཙམ་སླེབས་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་ལྗོངས་ཆབ་མདོའི་ཀུ་ཤུ་ལ་གཡུར་ཟའི་འབྲས་བུ་སྨིན།