ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དྲ་ཐོག་གཏོང་སྤྲོད་ཀྱིས་ཉིང་ཁྲིའི་དམངས་ཕན་འཛད་སྤྱོད་བྲིན་སྐུལ་བྱ་སྤྱོད་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་བསྟུན་ནས། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་འབྲེལ་བོད་ལྗོངས་ཡན་ལག་ཀུང་སི་དང་འཛུགས་སྐྲུན་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། དངུལ་འབྲེལ་སྤྲིན་ཚོམ་མྱུར་སྤྲོད་ཀྱི་APPདང་། འཛུགས་སྐྲུན་དངུལ་ཁང་གི་འཚོ་བའི་APPསོགས་དྲ་ཐོག་གཏོང་སྤྲོད་ཐབས་ལམ་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དམངས་ཕན་འཛད་སྤྱོད་བྲིན་སྐུལ་བྱ་སྤྱོད་ཆེ་གྲས་ལྔའི་དྲ་ཐོག་གི་འཛིན་ཤོག་སྤྲོད་པ་དང་གཏོང་སྤྲོད་བསྡོམས་རྩིས་ལས་འགན་འགན་ཁུར་ཏེ་ཟླ་9ཚེས་12ཉིན་ཉིང་ཁྲི་གྲོང་ཁྱེར་གྱི“དམངས་ཕན་འཛད་སྤྱོད་སྐུལ་གཏོང་བྱ་སྤྱོད”སྤེལ་འགོ་ཚུགས་པ་རེད། མིག་སྔའི་བར་བྱེད་སྒོའི་ནང་ཞུགས་མཁན་ཚོང་དུད་45ཟིན་པ་དང་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་སྒོར་ཁྲི་259སྤྲད་པ་རེད།

བྱེད་སྒོ་སྤེལ་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ལག་ཐོགས་ཁ་པར་སྤྱོད་མཁན་ཚང་མས་དངུལ་འབྲེལ་སྤྲིན་ཚོམ་མྱུར་སྤྲོད་ཀྱི་APPདང་འཛུཌ་སྐྲུན་དངུལ་ཁང་གི་འཚོ་བའིAPPབརྒྱུད་སྒོ་རྩིས་ཚོང་ཁང་དང་། རླངས་འཁོར་ཉོ་བ། “ཉར་ཚགས་དངོས་པོ་དྲ་ཐོག་ཏུ་གཤོམ་པ” བཟའ་བཏུང་སོགས་ཀྱི་འཛད་སྤྱོད་འཛིན་ཤོག་བླངས་ཏེ། འཛད་སྤྱོད་བྱེད་སྐབས་སྤྱོད་ཆོག་གི་ཡོད་པ་རེད།

ཉིང་ཁྲིའི་གྲོང་མི་བཀྲ་ཆེ་གེ་མོར་གློག་རྡུལ་འཛད་སྤྱོད་འཛིན་ཤོག་རག་རྗེས་འཛིན་ཤོག་འཛད་སྤྱོད་བྱེད་སའི་དམིགས་འཛུགས་སྒོ་རྩིས་ཚོང་ཁང་དུ་ཅ་ལག་ཉོ་བར་ཡོང་བ་དང་། “འཛུགས་སྐྲུན་དངུལ་ཁང་གི་འཚོ་བའི་APP”ནས་རྩིས་བརྒྱབ་རྗེས་སྒོར་200ཟིན་ན་སྒོར་60གཅོག་གི་ཡོད་པས། ཁོང་གིས“སྒོ་རྩིས་ཚོང་ཁང་གི་འཛད་སྤྱོད་ཆག་ཡང་འཛིན་ཤོག་ལས་ཚང་མར་ཕན་པ་དངོས་ཐོབ་པ་མ་ཟད། ཕན་ཚུན་འབྲེལ་ཐུག་བྱེད་མི་དགོས་པར་ལག་ཐོགས་ཁ་པར་ནས་ཨང་རྟགས་བཤེར་ན་བདེ་འཇགས་ཡོད་པའི་ཁར་སྟབས་ཀྱང་བདེ་པོ་འདུག”ཅེས་དགའ་སྤྲོའི་ངང་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།