ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིམས་ནད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་ཤེས་གསལ་ལྟར་ན། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་ཐོན་སྐྱེད་ལ་མཁོ་བའི་དངོས་ཟོག་ཏུན1500ལྷག་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བྱས་པ་དང་། གྲོང་ཁྱེར་ཡོངས་སུ་གཙོ་གནད་རྣམ་གྲངས149བསྐྲུན་བཞིན་པ་དང་འཛུགས་སྐྲུན་ནང་ཞུགས་མཁན་ལས་བཟོ་བ18160ཡི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱས་ཡོད། ཟླ8པར་མ་འཇོག་སྒོར་དུང་ཕྱུར6ཙམ་ལེགས་འགྲུབ་བྱུང་ཡོད། ཟླ9པའི་ཚེས3ཉིན་གཙོ་གནད་རྣམ་གྲངས112ལས་མགོ་བསྐྱར་ཚུགས་བྱུང་བ་དང་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར53.8བཏང་ཞིང་། ལོ་ཧྲིལ་བོར་མ་དངུལ་སྒོར་དུང་ཕྱུར25.8གཏོང་རྒྱུ་རེད།

ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ལ་འགན་ལེན་ཇི་ལྟར་བྱ་རྒྱུའི་ཐད། ཉིང་ཁྲི་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཀྲུའུ་ཏུང་ཝུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱིས་རྣམ་གྲངས་གལ་ཆེན་གྱི་རིམས་ནད་འགོག་སྡོམ་གྱི་ཆེད་དོན་ཚན་ཆུང་དུས་ཐོག་ཏུ་བཙུགས་པ་དང་གྲོང་ཁྱེར་རིམ་པའི་མགོ་ཁྲིད1གིས་ཚན་གཙོ་ཡི་འགན་འཁུར་བ་དང་དེའི་འོག་ཏུ་ལས་དོན་ཚན་ཆུང་མང་པོ་བཀོད་སྒྲིག་བྱས་ཏེ། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ཀྱི་འགན་ལེན་མི་སྣའི་འབྲེལ་གཏུག་ལམ་སྲོལ་བཙུགས་ནས། རྣམ་གྲངས་ཚང་མའི་འགན་ལེན་འགན་འཁུར་བ་དང་། ཞིབ་ཕྲའི་འགན་འཁུར་བ། འབྲེལ་གཏུག་པ་བཅས་ཁ་གསལ་བཟོས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་རིམས་འགོག་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པ་མ་ཟད། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉིན་ལྟར་ཁ་པར་གྱི་བློ་འདྲི་དང་། བརྙན་ལམ་སྦྲེལ་མཐུད། ཡུལ་དངོས་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ལ་བཀོད་གཏོང་དང་། གཙོ་གནད་ཐོག་རྣམ་གྲངས་ཁག་གི་ལས་བཟོ་བའི་འགྱུར་ལྡོག་དང་འགོག་སྡོམ་བྱ་ཐབས་དོན་འཁྱོལ། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས། མིག་སྔའི་གཙོ་གནད་རྣམ་གྲངས་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་གྱི་ཞན་ཆའི་ལྷུ་ཚིགས་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། དུས་ཐོག་ཏུ་བྱེད་ཐབས་ནུས་ལྡན་སྤྱད་དེ་གཙོ་གནད་རྣམ་གྲངས་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཕྱོགས་སོ་སོ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ལས་ཀའི་འགན་འཁྲི་གཟབ་ནན་དུ་བཏང་ནས། ཨར་ལས་ཡུལ་དངོས་དང་བཅའ་སྡོད་མཉམ་འགོག་གི་གཞི་གཅིག་ཅན་གྱི་རིམས་འགོག་མ་ལག་འཛུགས་པ་དང་། “བཀག་སྡོམ་དོ་དམ”ལག་བསྟར་བྱེད་པ། ཉིན་རེར་ལས་བཟོ་བ་ཡོངས་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དོན་འཁྱོལ་བྱེད་པ། དངོས་ཟོག་དང་ཨར་ལས་རྒྱུ་ཆ། སྒྲིག་ཆས་བཅས་གོ་རིམ་ལྡན་པའི་ངང་ལས་ཡུལ་དུ་བསྐྱོད་པར་ཁྲིད་སྟོན་བྱེད་པ། དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ནན་པོ་སྤྱོད་པ་བཅས་ཀྱི་ཐོག་ནས་རིམས་འགོག་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་ཡོད། གཞན་ཡང་། གཙོ་གནད་རྣམ་གྲངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་ཤར་བགྲོད་ཐུབ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་དུས་ཐོག་ཏུ་སྐྱེལ་འདྲེན་ལམ་ཡིག་སྒྲུབ་གཉེར་བྱས་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་འགན་ལེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་ཀྱི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ལས་དོན་ལ་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།