ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་བཀོད་སྒྲིག་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4d9ac905-03b8-45f6-872f-fe4d92dc8fad.jpg.1.jpg

འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་ཁྲོམ་གཞུང་ར་མོ་ཆེ་ཐང་ཆེན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་མང་ཚོགས་ཀྱི་དངོས་ཟོག་འགན་ལེན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་3ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་བཀོད་སྒྲིག་གནང་བ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཡུས་ཞུའེ་ཅུན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཁྲེན་ཡུང་ཆི། ལིའུ་ཅང་། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལུའོ་མེ། ཀྲང་ཧུང་པོ་བཅས་ཕེབས་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་འཇགས་སྡོད་དོ་དམ་ཉིན་20ལྷག་ཙམ་བྱས་པས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་ཟོག་འགན་ལེན་དང་ཁྱིམ་སྡོད་ལོགས་བཀར་དང་སྨན་སྤྱོད་སོགས་ཀྱི་གནད་དོན་ལ་ཝང་ཅུན་ཀྲེང་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་གི་ཡོད། ཝང་ཅུན་ཀྲེང་གིས“ཉེ་དུས་སྡེ་ཁུལ་དུ་ནད་དཔེ་ཐོན་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་དམ” “སྨན་རྫས་ཐུམ་སྒྲིལ་ལེན་ཐུབ་བམ” “སྔོ་ཚལ་དང་ཤ་བཅས་འགན་ལེན་ཐུབ་བམ” ཝ་པ་གླིང་སྡེ་ཁུལ་དང་རྗེ་འབུམ་སྒང་ཁྲོམ་གཞུང་གི་ར་མོ་ཆེ་ཐང་ཆེན་དུ་རེ་རེ་བཞིན་ལ་བཀའ་འདྲི་གནང་བ་རེད། སྡེ་ཁུལ་གྱིས་གཅེས་སེམས་སྔོ་ཚལ་ཐུམ་སྒྲིལ་བགོ་བཞིན་ཡོད་པས་ཝང་ཅུན་ཀྲེང་གིས་སྔོ་ཚལ་གྱི་སྣ་ཁ་དང་སོས་པ་ཡིན་མིན་གཟིགས་ཞིབ་ཞིབ་ཕྲ་གནང་སྟེ། “མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱེད་པ་དང་སྣེ་ཁྲིད་ནས་ལས་དོན་བསྒྲུབས་ཏེ་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱིས་དངོས་འབྲེལ་ཚོར་ཐུབ་པར་བྱེད་དགོས” སྡེ་ཁུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་གཤམ་སྐྱོད་ལས་བྱེད་པས་མདུན་དུ་གདོང་མཆོང་དང་བསྟུད་མར་འབད་འཐབ་བྱེད་དགོས། ཝང་ཅུན་ཀྲེང་གིས་ཚང་མར་གཟུགས་པོར་བདག་གཅེས་བྱེད་པ་དང་། རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། དཀའ་ངལ་ཁྱད་བསད་བྱེད་པ། མུ་མཐུད་ལས་ཀ་ཧུར་ཐག་བཅས་བྱས་ནས་མང་ཚོགས་ལ་སྨན་དང་ལྟོ་ཆས་ཡག་པོ་ཟ་རྒྱུ་ཡོད་པ། བློ་བདེའི་ངང་ཁྱིམ་སྡོད་བྱེད་པ། ཕྱིར་མ་དོན་པ་བཅས་ཐུབ་པར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་སྐུལ་ལྕག་གནང་བ་ལས་སྡེ་ཁུལ་གྱི་ལས་བྱེད་པར་སྙིང་སྟོབས་རབ་འཕེལ་བྱུང་སྟེ་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་ཞུས་པ་རེད།

ཅིང་ཏུང་བྱང་འདབས་ཀྱི་རྟ་རྒྱུག་ར་བའི་དྲ་ཚིགས་ཀྱི་འཁོར་རྒྱུག་གོ་རིམ་ལྡན་པ་དང་གྲོང་མིས་དྲ་ཐོག་ནས་མངགས་པའི་ཚོང་ཟོག་དག་དེ་ནས་གྲོང་ཁྱེར་དུ་གཏོང་གི་ཡོད། 

བརྟག་ཞིབ་གནང་རྗེས། ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྷ་སའི་རིམས་ནད་ཀྱི་དུས་བབ་དབྱེ་ཞིབ་མཐའ་དཔྱོད་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་འགག་རྩའི་དུས་ཚིགས་སུ་སླེབས་ཡོད་པས་མཐའ་འཁྱོངས་ནི་རྒྱལ་ཁ་ཡིན་པ་དང་མཐའ་འཁྱོངས་བྱས་ཚེ་རྒྱལ་ཁ་ཐོབ་ངེས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བསམ་ཕྱོགས་སྔར་བས་ཇེ་གསལ་དུ་འགྲོ་བ་དང་ཁ་ཕྱོགས་སྔར་བས་གསལ་དུ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་འགན་འཁྲི་དོན་འཁྱོལ་དང་། ལས་དོན་སྦྲེལ་མཐུད། གཙོ་གནད་མི་ཚོགས་ལ་ལྟ་འདོམས་སོགས་ཀྱི་ལས་དོན་ལ་ད་དུང་མི་འདང་ས་མང་པོ་ཡོད། རིམ་ཁག་སྡེ་ཚན་ཁག་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་འཐབ་ཇུས་དང“སྐབས་བསྟུན་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས། དཀའ་གནད་ལ་ཚོད་དཔག་གནད་འཁེལ་དང་དུས་བབ་སྔར་བས་ཛ་དྲག་ལ་བསམ་གཞིག་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་ཀའི་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་མཐུན་སྦྱོར་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་ཞན་ཆ་དང་མི་འདང་སར་དམིགས་ཏེ། ཞན་ཤོས་སུ་བསམ་བློ་བཏང་ནས་ཐག་གཅོད་ཡག་ཤོས་ཐུབ་པར་འབད་བརྩོན་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་ཡོང་བ་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བོད་ནས་བསྐྱོད་པའི་འགག་སྒོ་ནན་པོ་སྲུང་སྟེ་ཆ་རྐྱེན་འཛོམས་པའི་མི་སྣ་བོད་ནས་བསྐྱོད་རྒྱུ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ་དང“གནད་གཏུག་གནད”ཀྱི་གདུབ་ཟུམ་བརྒྱུད་འདྲེན་མཐའ་འཁྱོངས་ཀྱིས་འགག་གཏོར་དང་གཏོར་བཤིག་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་རིམས་ནད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དུ་ཁྱབ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་རིམ་པ་དང་རིགས་དབྱེ་ནས་གནད་སྨིན་ཇུས་བསྟར་བྱས་ཏེ། “ཡུལ་བབ་དང་བསྟུན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ཁུལ་དབྱེ་ཚར་གཅོད”བཅས་ཀྱི་ཐབས་ཇུས་གཞིར་བཟུང་ཉེན་ཁའི་རིམ་པ་དང་ལྟ་འདོམས་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། བཀག་སྡོམ་གྲོལ་བའི་ཚད་གཞི་ལོན་པར་དུས་ཐོག་ཏུ་རིམ་པ་དམའ་རུ་བཏང་ནས་བཀག་སྡོམ་ལས་གྲོལ་རྒྱུ་དང་། དབྱེ་བཤེར་བྱེད་ཟབ་ཏུ་བཏང་ནས་བརྒྱུད་འདྲེན་ལས་དོན་མགྱོགས་མྱུར་དང་ཚད་ལྡན་ངང་ཡག་པོ་བསྒྲུབས་ནས“ཉིན་བཤེར་ཉིན་སྡོམ”ཏན་ཏིག་བྱེད་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ་དང་། སེམས་ཁམས་ཁྲིད་སྟོན་དང་དོགས་གནད་སེལ་བའི་ལས་དོན་ནན་ཏན་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ཏེ་སེམས་ལྷོད་དུ་ཕབ་པ་དང་གནོན་ཤུགས་ཆུང་དུ་གཏོང་དགོས། “ཕྱོགས་བཞིའི་འགན་འཁྲི”ནན་དུ་བཏང་ནས། མངའ་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱིས་ཚན་རིག་དང་མཐུན་ལ་ནུས་ལྡན་བརྡ་ལན་དང་འགན་འཁྲི་དོན་འཁྱོལ་གྱི་ལམ་སྲོལ་ཆགས་པར་བྱས་ཏེ་དམག་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་བློ་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་གཏོད་དགོས། སྒྲིག་འཛུགས་ཞིབ་ཚགས་དང་ཕན་འབྲས་མཐོ་རུ་བཏང་ནས། འགོ་ཁྲིད་ལས་བྱེད་པས་གནད་དོན་དང་། དམིགས་ཚད། འབྲས་བུ་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནས་ཚུལ་གསར་པ་རང་འགུལ་ངང་བརྟག་ཞིབ་དང་གནད་དོན་གསར་པ་ཐག་གཅོད་ཧུར་ཐག་བྱེད་པ། སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གོ་ཆོད་ཀྱི་བྱེད་ཐབས་འདོན་པ། “གནད་དོན་ཆུང་ཙག”དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ནས་ཉེན་ཁ་ཆུང་རིགས་གནད་དོན་ཆེན་པོར་འགྱུར་རྒྱུ་སྔོན་འགོག་བྱེད་དགོས། ལས་ཀའི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་བ་དང་། རིམ་ཉུང་དོ་དམ་མངོན་གསལ་དོད་དུ་གཏོང་བ། སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་དང་བཀག་སྡོམ་དང་། རིམས་ནད་རིག་པའི་བརྟག་དཔྱད་ཁུངས་འདེད། ཉིང་སྐྱུར་བརྟག་དཔྱད། གདགས་གཤིས་ཁུངས་འདེད་དང་ལོགས་བཀར་སོགས་ཀྱི་བྱེད་ཐབས་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དོན་འཁྱོལ་ལ་དམ་འཛིན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་དེ་འཇོན་ཐང་སྤྱོད་ཚུལ་དང་ལས་དོན་སྤེལ་སྟངས་ལ་ཞིབ་དཔྱད་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་ཞིབ་ཕྲའི་ལས་དོན་ཁྲོད་མངོན་པར་བྱེད་པ། གོང་གིས་འོག་ལ་སྣེ་ཁྲིད་པ། འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བཅས་བྱས་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས། དུས་ཐོག་དང་ནུས་ཆེའི་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་གསར་པ་དང་དགོས་མཁོ་གསར་པ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་ལས་དོན་སྒྲུབ་པ། ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་བཅས་བྱས་ནས། བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སྒྲིག་ལམ་དང་སྒྲིག་སྲོལ་སྔོན་འཇོག་བྱས་ནས་གོང་རིམ་གྱི་འཐབ་ཇུས་དོན་འཁྱོལ་འགོར་བ་དང་། དགོས་པའི་ལས་མི་བྱེད་པ་དང་ལས་ཀ་ཏན་ཏིག་མི་སྒྲུབ་པ། དག་ཐེར་གྱི་བཀའ་རྒྱ་གསལ་པོ་བཏོན་པར་ཕན་འབྲས་མི་ཐོན་པ་བཅས་ལ་ཐག་གཅོད་ནན་པོ་བྱེད་དགོས་པ་དང་འགན་འཛོལ་དང་ལས་འཛོལ་ཤོར་བར་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྒམ་ནན་རང་བཞིན་དང་། སྒྲིག་ལམ་རང་བཞིན། དངོས་ཕན་རང་བཞིན་བཅས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཡུས་ཞུའེ་ཅུན་གྱིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། གཙོ་གནད་མི་ཚོགས་དང་གཙོ་གནད་ལས་ཡུལ་གྱི“ཕྱོགས་བཞིའི་འགན་འཁྲི”ནན་དཀྲིས་བྱས་ཏེ་འགོ་ནད་འགོག་བཅོས་བཅའ་ཁྲིམས་ལས་འགལ་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགོག་རྐྱེན་བཟོ་མཁན་ལ་ཁྲིམས་ལྟར་ཆད་གཅོད་བྱེད་པ་དང་འགན་འཁྲི་བདའ་འདེད་བཏང་སྟེ། ཉེན་གཏོང་སློབ་གསོའི་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་ལྟར་ཚན་རིག་དང་མཐུན་ལ་གནད་སྨིན་ངང་སྔོན་འགོག་དང་ཚོད་འཛིན་ཏན་ཏིག་ཐུབ་པ་བྱེད་དགོས། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་མང་ཚོགས་ལ་དོ་ཁུར་བྱེད་པའི་ཐད་འབད་བརྩོན་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་དུས་ཐོག་ཏུ་ལན་རྒྱག་པ་དང་མང་ཚོགས་ཀྱི་དགོས་མཁོ་དུས་ཐོག་ཏུ་བསྐངས་པ་མ་ཟད། སེམས་ཁམས་ཁྲིད་སྟོན་བྱེད་གང་ཐུབ་བྱས་ཏེ་མང་ཚོགས་ལ་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། དོ་དམ་ཚོད་འཛིན་ཁུལ་ལ་སྐབས་བསྟུན་ལེགས་སྒྲིག་བྱས་ནས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཁྲོམ་ར་སླར་གསོ་བཅས་ལ་དམ་འཛིན་བྱེད་དགོས། སྒྲོམ་ཚང་འཁོར་རྒྱུག་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྒྲོམ་ཚང་གཅིག་ལ་བྱ་ཐབས་གཅིག་གི་བླང་བྱ་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་འདོམས་ནུས་ལྡན་དང་། འབྲེལ་མཐུད་ཤར་གཏོང་། ནུས་པ་ཆེར་གཏོང་བཅས་ཐུབ་པར་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དྲང་ཕྱོགས་དྲིལ་བསྒྲགས་དང་ཆབ་སྲིད་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་བཏང་སྟེ། རིམས་ནད་ཀྱི་དབང་གྲགས་ཆ་འཕྲིན་དང་ལས་ཀའི་འགུལ་རྣམ་གསར་ཤོས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ལ་ཡང་དག་དང་རྗེས་དཔག་གི་སྒོ་ནས་རིམས་ནད་ལ་ལྟ་སྟངས་འཛིན་པ་དང་རིམས་འགོག་གི་སེམས་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱལ་ཡོངས་ཀྱི་བསམ་ཇུས་གཅིག་གི་བསམ་བློ་བརྟན་དུ་བཏང་སྟེ་སློབ་མ་སློབ་གྲྭར་ཕྱིར་ལོག་དང་ལས་མི་ཕ་ཡུལ་དུ་ཕྱིར་ལོག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཏན་ཏིག་འཁུར་ནས་ནང་དུ་ཁྱབ་རྒྱུ་འགོག་པ་དང་དུས་མཚུངས་རིམས་ནད་ཕྱིར་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།