ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་ལྗོངས་ཀྱིས་ལས་ཞུགས་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོས་སུ་བོད་ལྗོངས་སུ་ཕེབས་ནས་མཛུབ་སྟོན་གཟིགས་ཞིབ་གནང་བ་དང་། བོད་ལྗོངས་ཀྱི་ལས་དོན་ལ་ཐེངས་མང་མཛུབ་སྟོན་གལ་ཆེན་གནང་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བྱས་པ་དང་། དུས་རབས་གསར་བའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 

ལས་ཞུགས་ནི་དམངས་འཚོའི་ལས་གཞི་དང་དམངས་སེམས་ཀྱི་ལས་གཞི། རྨང་གཞིའི་ལས་གཞི་ཆེ་ཤོས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱིས་ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་ལས་ཞུགས་ཐབས་ལམ་ལ་སྤྱི་འདོམས་འཆར་འགོད་བྱས་ནས་རང་བརྟེན་དང་རོགས་སྐྱོར་གྱི་ལས་ཞུགས་བྱེད་སྟངས་འཐུས་ཚང་དུ་བཏང་བ་དང་། ལས་ཞུགས་བརྟན་པོ་དང་ལས་ཞུགས་སྐུལ་འདེད་གྱི་སྲིད་ཇུས་བྱེད་ཐབས་ནུས་མཐོའི་བསྡུ་སྒྲིལ་བྱས་ཏེ། ལྗོངས་ནང་ཁུལ་གྱི་ལས་ཞུགས་ལས་གནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་ལྗོངས་ཕྱིའི་ལས་ཞུགས་ཀྱི་ལས་གནས་གྲངས་འབོར་ཇེ་མང་དུ་བཏང་ཞིང་། སྐུལ་ཁྲིད་ཧུར་ཐག་དང་ཕྱོགས་བགོད་འོས་འཚམ། ཕྱོགས་མང་འབད་བརྩོན། ཐབས་མང་མཉམ་སྤྱོད་བཅས་བྱས་པས། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་ལས་ཞུགས་སྤུས་ཚད་ཇེ་ལེགས་སུ་ཕྱིན་ལ། ལས་ཞུགས་བྱེད་ནུས་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། ལྗོངས་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 

2012ལོ་ནས་བཟུང་། བོད་ལྗོངས་ཀྱིས་རོང་འབྲོག་པ“འབྲོག་ར་ནས་ཁྲོམ་རར་བསྐྱོད་པ་དང་། ཞིང་ཁ་ནས་ལས་ཡུལ་དུ་བསྐྱོད་པར”སྣེ་ཁྲིད་ཧུར་ཐག་བྱས་ཏེ། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་མི་གྲངས2012ལོའི་ཁྲི45ནས2021ལོའི་མི་གྲངས་ཁྲི69.3བར་འཕར་བ་དང54%འཕར་སྣོན་བྱུང་ཡོད། 2016ལོ་ནས་བཟུང་བསྡོམས་པས་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི70ལྷག་མཁོ་འདོན་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་སྒོར3500སྤྲད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བྱེད་ཚད་རིམ་རྩིས་བྱས་ན་མི་ཁྲི46.63གསར་དུ་འཕར་བ་དང་། བརྟག་དཔྱད་བྱས་པའི་ལས་ཤོར་ཚད་གཞི5%ཡི་ནང་ཚུན་དུ་ཚོད་འཛིན་བྱུང་ནས་ལོ་བཅུའི་ནང་རྒྱལ་ཡོངས་སུ་ཚད་གཞི་དམའ་ཤོས་རྒྱུན་འཁྱོངས་ཐུབ་ཡོད། ལས་ཞུགས་ཆ་འཕྲིན་སྟེགས་བུ་ལ་བརྟེན་ནས་ལས་ཞུགས་རྗེས་སྙེག་རོགས་སྐྱོར་གནད་འཁེལ་ལག་བསྟར་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་སྟོངས་པའི་ཁྱིམ་ཚང་བསྟུད་མར་ལོ་བཅུའི་རིང་འགུལ་རྣམ་གཙང་སེལ་བྱུང་ནས་བསྡོམས་པས་དུད་ཚང4000ཡན་གཙང་སེལ་ཐུབ་ལ། མཐོ་སློབ་མཐར་ཕྱིན་སློབ་མའི་ཁེ་ལས་ཀྱི་ལས་ཞུགས་དང་། གཞི་རིམ་གྱི་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་གཏོད། བབ་བསྟུན་ལས་ཞུགས་སོགས་ཕྱོགས་མང་གཞི་གཅིག་གི་ལས་ཞུགས་རྣམ་པ་གསར་པ་བཏོད་ནས། ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད95%ཡས་མས་སུ་རྒྱུན་འཁྱོངས་བྱས་པ་དང་ཁྲོམ་རའི་ལས་ཞུགས་ཐུབ་ཚད70%ཡན་ཟིན་ཡོད།

ཉེ་བའི་ལོ་གཉིས་རིང་། བོད་ལྗོངས་ཀྱིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་ནས་དཀའ་ངལ་སེལ་བའི་བྱེད་ཐབས་ཁག་ཅིག་གཅིག་སྡུད་ཐོག་བཏོན་པ་དང་། སྤྱི་ཚོགས་འགན་སྲུང་ཇེ་ཉུང་དུ་གཏོང་བ་དང་། རྩ་ཆག་གཏོང་བ། ནར་འགྱངས་སྤྲོད་པ་སོགས་ཀྱི་སྲིད་ཇུས་བརྒྱུད། ཁྲོམ་རའི་བདག་གཉེར་བའི་ལས་ཞུགས་འགན་ལེན་དང་དམངས་འཚོ་འགན་ལེན་ཧུར་ཐག་བྱས་པས། རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་ཁྲི11ལྷག་བརྟན་པོ་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཁྱད་ཆོས་དང་ལེགས་ཆར་དམ་པོར་དམིགས་ནས། ལས་གཏོད་ལས་དོན་དེ་སྣ་གཅིག་ཅན་གྱི་ལས་གཏོད་གསོ་སྦྱོང་ནས་ལས་གཏོད་རྗེས་མཐུད་ཞབས་ཞུ་དང་། ལས་གཏོད་གཞི་རྟེན་གྱི་འདེགས་སྐྱོར་སོགས་ལངས་གཟུགས་ཅན་དང་ཕྱོགས་མང་ཅན་གྱི་བརྒྱུད་འབྲེལ་ཞབས་ཞུའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། མི་ཁྲི3.17ལ་ལས་གཏོད་གསོ་སྦྱོང་བྱས་པ་དང་། མི7944ཡི་ལས་གཏོད་ལས་དོན་ལ་གྲུབ་འབྲས་བྱུང་ཞིང་མི་ཁྲི1.69ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད།

2012ལོ་ནས་བཟུང་། བོད་ལྗོངས་ཀྱི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་གྱི་ངལ་ནུས་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར285ཟིན་ཡོད། 2022ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5705ཟིན་ནས11.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23975ཟིན་ནས8.0%འཕར་ཏེ། ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།