ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་ཀྱི་སྡོད་ཁང་འགན་ལེན་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས) ཤང(གྲོང་རྡལ)བཅས་ཚང་མར་ཁྱབ་པ་དང་ལས་ཤག་དང་སྤྱི་པའི་བོགས་གཏོང་སྡོད་ཁང(བོགས་ཁེའི་སྡོད་ཁང)བྱེད་པོར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་རྙིང་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་སྡོད་ཁང་འགན་ལེན་མ་ལག་གི་གཞི་རྩའི་སྒྲོམ་གཞི་རགས་ཙམ་ཆགས་པ་མ་ཟད། ད་དུང་སྡེབ་སྒྲིག་བོགས་གཏོང་དང་བོགས་ལེན་ཁ་གསབ་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ“སྡོད་སའི་ཁང་པ་ཡོད་པ”མངོན་འགྱུར་བྱུང་བ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་གཞི་རྩའི་ཆ་ནས་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཆུ་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད།

ལས་ཤག་རྣམ་གྲངས། ལས་བཟོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་བ།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ལས་ཤག་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ཞིང་། 2020ལོའི་ལོ་མཇུག་བར་ལས་ཤག་བསྡོམས་ཁྲི་12.08ཡོད་པ་ལས་2014ལོ་ནས་2016ལོ་བར་སྒོར་དུང་ཕྱུར་52.65བཏང་ནས་ལས་ཤག་ཁྲི་3.2བསྐྲུན་པ་དེ་ལྗོངས་ཡོངས་ཀྱི་ཤང་གྲོང696(ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་འགག་སྒོ་གཉིས)དང་གཞི་རིམ་ལས་བྱེད་ལས་བཟོ་ཚང་མར་ཁྱབ་ཡོད། སྒོར་དུང་ཕྱུར་3བཏང་ནས་སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་མི་སྣའི་ལས་ཤག་1216གསར་དུ་བསྐྲུན་པ་རེད།

ལས་ཤག་འཛུགས་སྐྲུན་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་ལས་ཤག་དཀོན་པའི་གནད་དོན་ཞི་ལྷོད་དུ་ཕྱིན་པ་དང་། ལས་བྱེད་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ལྷག་པར་དུ་ཤང་གྲོང་གི་གཞི་རིམ་ལས་བྱེད་ལས་བཟོའི་ལས་ཤག་གི་དགོས་མཁོ་སྤྱིར་ན་བསྐངས་པ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་མི་སྣའི་ལས་ཤག་གི“འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ”བཅས“རྨང་གཞི་བརྟན་དུ་གཏོང་བ་དང་མི་སེམས་གཅིག་ཏུ་འགྲིལ་བའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།

སྤྱི་པའི་བོགས་གཏོང་སྡོད་ཁང་། མང་ཚོགས་ཀྱིས་བོགས་མར་ལེན་ཐུབ་པ་དང་གནས་ཟོས་བདེ་བ།

2010ལོར་རང་ལྗོངས་ཀྱིས་སྤྱི་པའི་བོགས་གཏོང་སྡོད་ཁང་ལམ་ལུགས་བཙུགས་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེ་བའི་སྤྱི་པའི་བོགས་གཏོང་སྡོད་ཁང་རྣམ་གྲངས་བསྐྲུན་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་རིམ་འབྲིང་ལས་དམའ་བའི(ཡོང་འབབ་དམའ་བ་ཚུད་པ)སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། གསར་དུ་ལས་ཞུགས་ཐུབ་པ་དང་སྡོད་ཁང་མེད་པའི་ལས་བཟོ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བརྟན་པོ་ཐུབ་པའི་ཕྱི་ནས་ཡོང་བའི་ལས་མི་བཅས་སྡོད་ཁང་འགན་ལེན་ནང་བཅུག་ཡོད། 2016ལོར་རྒྱལ་ཡོངས་སུ་སྤྱི་པའི་བོགས་གཏོང་སྡོད་ཁང་རྣམ་གྲངས་ལག་བསྟར་བྱེད་མཚམས་བཞག་པའི་ཁོར་ཡུག་ཆེན་པོའི་འོག་རྒྱལ་ཁབ་ཀྱིས་བོད་ལ་2016ལོ་ནས་2020ལོ་བར་སྤྱི་པའི་བོགས་གཏོང་སྡོད་ཁང་རྣམ་གྲངས་མུ་མཐུད་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་སྤྱི་པའི་བོགས་གཏོང་སྡོད་ཁང་ཁྲི་13.31གསར་སྐྲུན(ཉོ་སྒྲུབ་དང་སྒྱུར་བཀོད)བྱས་པར་ཀྲུང་དབྱང་གིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་112བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་700ཟིན་ཡོད། སྤྱི་པའི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་། དཀའ་ངལ་ཡོད་པའི་ལས་བཟོ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་གི་གནད་དོན“འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ”མངོན་འགྱུར་བྱུང་བ་དང་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་གསར་དུ་ལས་ཞུགས་ལས་གཏོད་བྱེད་པའི་སློབ་ཆེན་སློབ་མ་སོགས་དམིགས་བསལ་ཚོགས་སྤྱིའི་སྡོད་ཁང་གི་གནད་དོན་སྔོན་ལ་ཐག་གཅོད་བྱས་ཡོད།

རིག་ནུས་ཅན་གྱི་གཞུང་ལས་མངོན་འགྱུར་བྱེད་ཆེད། 2021ལོར་རང་སྐྱོང་ལྗོངས་ཀྱིས“རིག་ནུས”ལས་སྟེགས་བཏོད་དེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“ཕྱིར་འགྲོ་མི་དགོས་པར་གཞུང་གི་བོགས་གཏོང་ཁང་པ་རེ་ཞུ་བྱེད་པ”མངོན་འགྱུར་བྱུང་ཡོད། མིག་སྔར་གཞུང་གི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་གི་དྲ་ངོས་པར་གཞི་དངོས་སུ་སྤྱོད་འགོ་ཚུགས་པ་དང་ལག་ཐོགས་ཁ་པར་གྱི་པར་གཞི་ལྷོ་ཁ་དང་། ཆབ་མདོ། ཉིང་ཁྲི། གཞིས་རྩེ། མངའ་རིས་བཅས་ས་ཁུལ་དུ་སྤྱོད་འགོ་ཚུགས་པས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་མེད།

སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། “བཙོག་ཟིང་ཞན་གསུམ”ནས“དྭངས་གཙང་མཛེས་གསུམ”བར་འགྱུར་ལྡོག་བྱུང་བ།

2010ལོར་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱེད་འགོ་བཙུགས་པ་ནས་བཟུང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ད་ཡོད་སྡོད་ཁང་ཁུལ་རྙིང་པ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ། གྲོང་མཐའི་གྲོང་ཚོ། ནགས་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ(ནགས་ར)ཞིང་ར། གཞུང་ཁོངས་བཟོ་གཏེར་ཁེ་ལས་ཀྱི་སྡོད་ཁང་རྙིང་ཁུལ་སོགས་སྡོད་ཁང་སྐྱོ་ཁུལ་ལ་ཉམས་གསོ་སྒྱུར་བཀོད་བྱས་པ་དང་འབྲེལ་དགོན་སྡེའི་གྲྭ་ཤག་རྙིང་པ་དང་། ཉེན་ཡོད་སྡོད་ཁང་། ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་བཅས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ནང་བཅུག་ཡོད། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རིགས་ཁག་གི་སྡོད་ཁང་སྐྱོ་ཁུལ་དུད་ཚང་ཁྲི་21.45སྒྱུར་བཀོད་བྱས་ཡོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཀྱིས་སྡོད་ཁང་གི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་སྡོད་ཁང་གི་དཀའ་གནད་ཐག་གཅོད་བྱས་པ་དང་ཆབས་ཅིག ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི“བཙོག་ཟིང་ཞན་གསུམ”གྱི་གནད་དོན་ཐག་གཅོད་དང་། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཀྱི་གནས་ཚུལ་ལེགས་གཏོང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་གཏོང་། གྲོང་ཁྱེར་གྱི་རྣམ་པ་ལེགས་གཏོང་བཅས་བྱས་པས་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་མང་ཚོགས་ཀྱིས་དམངས་ཕན་དམངས་བདེའི་སྲིད་ཇུས་སྣ་ཚོགས་ལས་བྱུང་བའི་ཁེ་ཕན་ལོངས་སྤྱོད་གང་ལེགས་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།