ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁྲལ་དོན་སྲིད་ཇུས་བཟང་པོས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་དང་རྒྱུན་འཛིན་ལ་སྐུལ་འདེད་བཏང་བ།

ཉིང་ཁྲི་ནི་བོད་རིགས་གཙོ་བོ་དང་རྒྱ་རིགས་དང་། མོན་པ་རིགས། ལྷོ་པ་རིགས། ཧུད་རིགས། ནུའུ་རིགས་སོགས་འཆམ་མཐུན་མཉམ་གནས་ཀྱི་མི་རིགས་མང་བའི་འདུས་སྡོད་ཁུལ་ཞིག་རེད། དུས་ཡུན་རིང་པོའི་ནང་མི་རིགས་ཁག་དབར་རིག་གནས་མཉམ་འདྲེས་བྱས་པ་བརྒྱུད་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཤིག་བཏོད་ཡོད་པ་དང་། ཚང་མས་ཐུན་མོང་ཐོག་ཁས་ལེན་བྱེད་པའི་དམངས་སྲོལ་རིག་གནས་ཡོད་ལ་རང་སོ་སོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ཡང་སོར་འཇོག་བྱས་པས། དམིགས་བསལ་ཁྱད་ཆོས་ལྡན་ལ་སྣ་མང་ཕུན་སུམ་ཚོགས་པའི་ཉིང་ཁྲིའི་དམངས་སྲོལ་རིག་གནས་གྲུབ་ཡོད། སྤོས་བཟོ་བ་དང་། བོད་ཤོག་བཟོ་བ། སྨྱུག་བསླས་བཟོ་རྩལ་སོགས་ཕུན་སུམ་ཚོགས་ལ་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་དེ་དག་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཤིན་ཏུ་དཀོན་པའི་རིག་གནས་ཐོན་ཁུངས་ཤིག་རེད་ལ་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁེ་ལས་དང་དམངས་ལ་ཕན་པའི་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཁྲལ་བསྡུའི་ཞབས་ཞུའི་བྱེད་ཐབས་ཁག་ཟམ་མི་ཆད་པར་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་ཡོད།

སྤྱི་འདོམས་འཆར་འགོད་ཀྱིས་རང་འཁྲིའི་ལས་འགན་ལ་གཞི་ཚུཌ་པ།

སྤོས་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

སྤོས་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་པ་དང་ད་བར་ལོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེའི་བཟོ་རྩལ་ལ་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་འདུས་ཡོད། 2010ལོར་སྣང་རྫོང་གི་སྤོས་བཟོ་བའི་ལག་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད། བམ་རི་ཆོས་སྡེ་དགོན་པའི་གཟིམ་སྤོས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་སྣང་རྫོང་གི་ནུབ་བྱང་རྒྱུད་དུ་གནས་པ་དང་། མཉམ་ལས་ཁང་དེས་ཐོན་སྐྱེད་བྱས་པའི་སྤོས་ཀྱི་ལག་ཤེས་བཟོ་རྩལ་དང་རང་བྱུང་རྒྱུ་ཆ་སྤྱད་པ་ལས་སྐད་གྲགས་ཆོད་ཅིང་། རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ལྗོངས་ཡོངས་སུ་སྐད་གྲགས་ཡོད་པའི་སྤོས་ཐོན་ཡུལ་གྱི་གྲས་ཤིག་རེད།

འདི་ལོའི་ལོ་སྟོད་ནས་བཟུང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྣང་རྫོང་ཁྲལ་དོན་ཅུས་ཀྱིས་རྫོང་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤྱི་འདོམས་འཆར་འགོད་དང་རང་འཁྲིའི་ལས་འགན་ལ་གཞི་ཚུགས་ནས། ཁྲལ་འབབ་དྲིལ་བསྒྲགས་དེ་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་ནང་ཁྱབ་པར་བྱས་ཤིང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་མི་རིགས་རིག་གནས་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ་བར་སྐུལ་འདེད་བཏང་བ་རེད།

ཁྱིམ་གྱི་སྒོ་རྩར་སྲིད་ཇུས་སྒྲོག་འགྲེལ་དང་ཞབས་འདེགས་ཞུས་པ།

མེ་ཏོག་གི“མངོན་མིན་རིག་གནས་ཤུལ་བཞག”རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རོགས་བྱས་པ།

མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོའི་སྨྱུག་བསླས་ལག་རྩལ་ནི་ཡུལ་དེའི་མོན་པ་རིགས་ཀྱི“དམིགས་བསལ་འཇོན་ཐང”ཞིག་ཡིན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱེད་ཐུབ་པ་མ་ཟད། ད་དུང་ཡུལ་དེའི་མང་ཚོགས་ཀྱི་ཡོང་འབབ་གཙོ་བོར་གྱུར་ཡོད། སྡེབ་སྒྲིག་ཅན་གྱི་ཁྲལ་གྲོན་སྲིད་ཇུས་ལག་བསྟར་བྱས་ཚུན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མེ་ཏོག་རྫོང་ཁྲལ་དོན་ཅུས་ཀྱིས་སྤ་སྟེང་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསོད་ནམས་ཕུན་ཚོགས་དང་མེ་ཏོག་གི་མོན་པའི་སྲོལ་རྒྱུན་གྱོན་ཆས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀུ་མོད་ཀྱི་ཁྱིམ་དུ་བསྐྱོད་དེ། སྡེབ་སྒྲིག་ཅན་གྱི་ཁྲལ་གྲོན་སྲིད་ཇུས་ཀྱི་ཁེ་སྤོགས་སྤྲད་པ་དང་ཁྲལ་དོན་བའི་ཐོག་མའི་བསམ་འདུན་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་སྙིང་སྟོབས་སྲུང་བ་དང་ཡུལ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་གཏོང་བར་ཁྲལ་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

སྤ་སྟེང་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསོད་ནམས་ཕུན་ཚོགས་ཀྱིས། “ཁེ་ལས་དང་མི་སེར་སུ་འདྲ་ཞིག་ཡིན་རུང་ཁྲལ་བསྡུའི་ཐད་ཀྱི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཤིན་ཏུ་ཡག་པོ་ཡོད་པས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད་པ་དང་། ཁོང་གིས་མེ་ཏོག་རྫོང་ཁྲལ་དོན་ཅུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་དངོས་འབྲེལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ་ཡུལ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་རྒྱུན་འཛིན་པ་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ལས་གཉེར་སྐྱོང་བར་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། སྒོ་རྩར་སྲིད་ཇུས་དོན་འཁྱོལ་དང་ཕན་པ་ཐོབ་པར་བྱས་ནས་རང་སོའི་ཁྱད་ཆོས་ལྡན་པའི་ཁྲལ་གྲོན་རོགས་སྐྱོར་བྱེད་ཐབས་བཟོས་ཏེ། “ཉེ་བཅར་རྣམ་པའི”ཞབས་ཞུ་མཁོ་འདོན་དང་སྡེབ་སྒྲིག་ཅན་གྱི་ཁྲལ་གྲོན་རྒྱབ་སྐྱོར་གྱི་སྲིད་ཇུས་གསར་པ་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱས་ཡོད་ཅེས་བརྗོད།

ཁྱད་ཆོས་ལ་དམིགས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་པ། 

བོད་ཤོག་འཕེལ་རྒྱས་དང་རྒྱུན་འཛིན་ལ་སྲུང་སྐྱོང་བྱེད་པ།

རང་རྒྱལ་གྱི་སྲོལ་རྒྱུན་ལག་བཟོས་ཤོག་བུའི་གྲས་ཤིག་ཡིན་པའི་བོད་ཤོག་ལ་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། “སྐྱེམས་སྟོང་བོད་ཤོག་ཁང”ནི་སྣང་རྫོང་གི་ཤར་ལྷོའི་རྒྱུད་དང་ས་བབ་སྨི་3829ཟིན་པའི་སྐྱེམས་སྟོང་གཙང་པོའི་འགྲམ་དུ་གནས་ཡོད། བོད་ཤོག་ཁང་དེས་ལོ་རྒྱུས་ཐོག་གི་བོད་དངུལ་གྱི་ཤོག་སྤྱོད་བཟོ་རྩལ་གཞི་རྩའི་ཆ་ནས་སོར་ཉར་བྱས་ཡོད་པས་རྒྱུན་ཆད་ལ་ཉེ་བའི་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་དང་། 2013ལོར“སྐྱེམས་སྟོང་བོད་ཤོག”གི་ཤོག་བུ་བཟོ་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་མིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།

ཁྲལ་བསྡུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་པའི་ཁྲོད། སྣང་རྫོང་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། མངགས་བཟོ་ཅན་དང་རང་སོའི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་ཟུར་ཁྲིད་བྱས་པ་དང་། གྲངས་གཞིར་དབྱེ་ཞིབ་དང་སྲིད་ཇུས་གཅིག་གཏད་གཅིག་གི་རོགས་སྐྱོར་སོགས་ཀྱི་ཞབས་ཞུའི་བྱ་ཐབས་བརྒྱུད། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ནས་ཁྲལ་འཇལ་མཁན་གྱིས་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་བཏང་བའི་ཕན་པ་དངོས་ལོངས་སྤྱོད་གང་ལེགས་ཐུབ་པར་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་བ་དེ་བས་མང་བས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་ཐུབ་པ་བྱས་ཡོད། “ད་ཆ་རྒྱལ་ཁབ་ཀྱིས་སྡེབ་སྒྲིག་ཅན་གྱི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་བཏོན་ནས་ང་ཚོར་དཔྱ་ཁྲལ་ཉུང་གཏོང་གི་ཁེ་སྤོགས་དངོས་སྤྲད་དེ་བོད་ཤོག་འཕེལ་རྒྱས་དང་རྒྱུན་འཛིན་ལ་སྲུང་སྐྱོང་བྱས་ཏེ། ང་ཚོས་སེམས་རྣལ་དུ་ཕབ་ནས་ལག་ཤེས་པ་ཡག་པོ་ཞིག་བྱ་རྒྱུ་བྱུང”ཞེས་སྣང་རྫོང་སྐྱེམས་སྟོང་བོད་ཤོག་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིའི་བོད་ཤོག་རྒྱུན་འཛིན་མཁན་རྒྱགས་ལོད་ཀྱིས་འབྱུང་འགྱུར་ལ་ཡིད་ཆེས་བརྟན་པོ་བྱེད་བཞིན་དེ་ལྟར་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།