ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མང་ཚོགས་ལ་རོགས་རམ་བྱེད་པ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : བསྟན་བློས་བསྒྱུར།བསྟན་བློ་དང་པད་ཆོས་ཀྱིས་ཞུས།   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མང་ཚོགས་ལ་རོགས་རམ་བྱེད་པ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད།

—— མངའ་རིས་ས་ཁུལ་སྒར་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པ་ནོར་འཛིན་གྱི་སྐོར་བཀོད་པ།

ཁོང་གིས་དཀའ་སྡུག་དང་འཁང་ར་ཡོད་ཚད་བཟོད་སྒོམ་བྱེད་ལ། རྟག་པར་ལས་འབོར་ཆེ་བས་ལས་དུས་འཕར་མ་བྱེད་རྒྱུ་ནི་རྒྱུན་གཏན་ཡིན་ཞིང་། རྟག་ཏུ་རླངས་འཁོར་གཅིག་བཏང་ནས་དཀའ་ངལ་ལ་མ་འཛེམ་པར་གྲོང་ཁྱེར་གྱི་ས་ཆ་གང་སར་ལས་དོན་སྒྲུབ་པར་བསྐྱོད་ཀྱི་ཡོད། ཁོང་གི་མཚན་ལ་ནོར་འཛིན་ཞུ་བ་དང་མངའ་རིས་ས་ཁུལ་སྒར་རྫོང་སྤྱི་བདེ་ཅུས་གཙང་འགྲམ་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཞིག་རེད།

2008ལོར་ཕ་ཡུལ་གཞིས་རྩེ་ནས་ཡིན་པའི་ནོར་འཛིན་མངའ་རིས་ས་ཁུལ་དུ་ལས་ཀ་བྱེད་པར་ཡོང་། “དང་ཐོག་ལས་ཀ་བྱེད་སྐབས་དཀའ་ངལ་ཆེན་པོ་འཕྲད་བྱུང་། སྐབས་དེ་དུས་ཉལ་ཁྲི་གཅིག་གཤོང་བའི་གཞུང་ལས་ཁང་ཆུང་ཆུང་ཞིག་ལས་མེད་པ་དང་། ཕྱི་ནས་ལས་ཀར་ཡོང་མཁན་ཚོས་ཀྱང་འགྲོ་ལུགས་གང་ནས་གཉེར་དགོས་མིན་མ་ཤེས་པས། ངས་ས་ཁུལ་གྱི་ས་ཆ་གང་སར་བསྐྱོད་དེ་མི་སྒེར་གྱི་ཆ་འཕྲིན་སྐད་ཆ་དྲིས་རྗེས་གཞུང་ལས་ཁང་དུ་ལོག་ནས་མི་རེ་རེ་བཞིན་ལ་ཡིག་ཚགས་བཟོ་ཡི་ཡོད”

མང་ཚོགས་ཀྱི་ཁེ་ཕན་ལ་དོན་ཆུང་གཏན་ནས་མེད། 2013ལོར་ཁོང་གིས་དོ་དམ་བྱེད་པའི་ཁོངས་གཏོགས་ཁུལ་གྱི་དུད་ཚང་དབུལ་པོ་ཞིག་གི་བུད་མེད་ལ་ལོ་དེའི་དགུན་ཁར་ཕྲུ་གུ་སྐྱེས་པས་འཚོ་བ་དེ་བས་སྐྱོ་རུ་ཕྱིན་ནས་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་གྱུར། ཨ་མའི་གཟུགས་པོ་སྐྱོ་ཡང་གཟུགས་པོར་བཅུད་གཏོང་བའི་དངོས་རྫས་ཉོ་བའི་དངུལ་མེད་པས། ཕྲུ་གུར་ཡང་ཨ་མའི་འོ་མ་སྟེར་ཐབས་བྲལ། དེས་ན་ནོར་འཛིན་གྱིས་ལས་ཀའི་ཁོམ་པ་སྤྱད་དེ་རྟག་ཏུ་མ་བུ་དེ་གཉིས་ལ་ལྟ་བར་བསྐྱོད་ནས་འོ་རྩམ་དང་། གྱོན་ཆས། ཆབ་གདན་སོགས་ཉོས་ཏེ་བསྐྱལ་གྱི་ཡོད།

ད་དུང་ཐེངས་ཤིག་མངའ་རིས་སུ་འཚོ་སྡོད་བྱེད་པའི་ཡུ་གུར་རིགས་ཀྱི་མང་ཚོགས་མའེ་མའེ་ཐེ་ཨའེ་ལི·མའེ་མའེ་ཐེ་དབྱི་མིང་གི་ནང་མི་ཚང་མ་དཀའ་སྡུག་གི་གནས་སུ་གྱར། ཁོང་གི་བུ་ཡུས་སུའུ་དབྱིང་ཅང·མའེ་མའེ་ཐེ་དབྱི་མིང་ལ་ཡུན་རིང་སྨུག་ཕྱིའི་འོད་ཟེར་ཕོག་ནས་མིག་ལ་གནོད་འཚེ་ཆེན་པོ་ཕོག་ལ་མིག་ཤེད་ཀྱང་ཉམས་ཉེས་སུ་གྱུར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་མིག་གི་སྐྱི་ལྤགས་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ནོར་འཛིན་གྱིས་གནས་ཚུལ་དེ་ཤེས་རྗེས་གོང་རིམ་འགོ་ཁྲིད་ལ་སྙན་སེང་ཞུས་པ་མ་ཟད། འཕྲལ་དུ་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་བ་རེད། ནོར་འཛིན་གྱིས་ཕྱོགས་གཅིག་ནས་སྣེ་ཁྲིད་དེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་རོགས་སྐྱོབ་ནང་ཞུགས་ཏེ་གཅེས་སེམས་ཞལ་འདེབས་འབུལ་རྒྱུའི་འབོད་སྐུལ་བྱས། ཕྱོགས་གཞན་ཞིག་ནས་ཁོང་གིས་རིག་གནས་ལམ་བུའི་དཔེ་སྟོན་ཁྲོམ་གཞུང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཁང་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་རོགས་སྐྱོབ་བྱ་རྒྱུའི་གྲོས་འགོ་བཏོན་པས་ཞལ་འདེབས་སྒོར་8000རག་པ་དེ་དག་མའེ་མའེ་ཐི་ཨའེ་ལི་·མའེ་མའེ་ཐེ་དབྱི་མིང་བཟའ་ཚོའི་ལག་ཏུ་སྤྲད་པ་རེད།

ནོར་འཛིན་གྱིས་ལོ་ལྟར་དེ་ལྟ་བུའི་ཁྱིམ་ཚང་མང་པོ་ཞིག་ལ་རོགས་རམ་བྱེད་ཀྱི་ཡོད་ཅིང་། སྐབས་རེ་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རོགས་རམ་བྱེད་པ་དང་། རང་ཉིད་ཀྱིས་ཐག་གཅོད་མི་ཐུབ་པའི་གནས་ཚུལ་འཕྲད་སྐབས་མི་དེ་བས་མང་བ་སྒྲིག་འཛུགས་བྱས་ནས་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ཏེ་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།