ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས“ཕུལ་བྱུང་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཞི་རིམ་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ཉེ་དུས། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས“ཕུལ་བྱུང་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཕུལ་བྱུང་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་རིག་གནས་ཁོངས་གཏོགས་ཀྱི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་མི་སྣ་15ཡིས་དུས་ཡུན་ཉིན་20ཡི་ནང་ཚོགས་ཆུང་གསུམ་ལ་བགོས་ནས་ཁང་དམར་དང་། གཉའ་ནང་། འབྲོང་པ། ས་དགའ། དིང་རི། གྲོ་མོ་སོགས་རྫོང་9ཡི་སྲིད་འཛིན་གྲོང་ཚོ་9རུ་བསྐྱོད་དེ་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རུ་མི་169ལ་ཆེད་མངགས་རོགས་སྐྱོར་བྱས་པ་རེད། བྱེད་སྒོ་སྤེལ་རིང་། གསོ་སྦྱོང་དགེ་རྒན་གྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་སྦྱོང་བརྡར་ལ་ཞུགས་མཁན་སློབ་མ་ཚོར་ཆེད་ལས་ཤེས་བྱ་བསླབས་པ་དང་། ཆེད་ལས་རྩལ་ནུས་སྦྱོང་བརྡར་བྱས་པ། ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་པ་དང་ཆབས་ཅིག རིག་རྩལ་ལས་དོན་གྱི་གལ་ཆེའི་རང་བཞིན་གསལ་འགྲེལ་བྱས་ཏེ། སློབ་མ་ཚོས་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པར་བྱས་ནས། སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བར་བྱས་པ་དང་རིག་གནས་བྱ་གཞག་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།