པར་འདི་ནི2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཀྱི་ཚོགས་ར་གཙོ་བོའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། 2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་བོད་ལྗོངས་ལྷ་སར་མགོ་ཚུགས། ཐེངས་འདིའི་དབུ་ཚོགས་ནི་ཚེས28ཉིན་ནས30ཉིན་བར་བསྡུ་རྒྱུ་ཡིན་ལ། “གྲངས་འཛིན་གྱི་སྦྲེལ་ཟམ་ཧི་མ་ལ་ཡ་བརྒལ་བ”ཞེས་པ་བརྗོད་གཞི་བྱས་ཏེ། གྲངས་འཛིན་ནུས་འདོན་དང་། གྲངས་འཛིན་བཅོས་སྐྱོང་། གྲངས་འཛིན་གཞི་རྟེན། གྲངས་འཛིན་བདེ་འཇགས། གྲངས་འཛིན་མཉམ་སྤྱོད། གྲངས་འཛིན་རིག་གནས་ཡུལ་སྐོར་སོགས་བརྗོད་གཞིའི་གླེང་སྟེགས་དྲུག་བཀོད་སྒྲིག་བྱས་ཡོད། །
པར་འདི་ནི2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་རྣམ་པ་རེད།
པར་འདི་ནི་མང་ཚོགས་ཀྱིས2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཐོག་ལྟ་སྐོར་བྱེད་བཞིན་པ།
པར་འདི་ནི་ལྟ་སྐོར་བས2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཐོགVRརོལ་རྩེད་ཉམས་ལེན་བྱེད་བཞིན་པ།
པར་འདི་ནི2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཀྱི་ཚོགས་ར་གཙོ་བོའི་ནང་ཁུལ་གྱི་རྣམ་པ་རེད།
པར་འདི་ནི་འཁྲབ་སྟོན་པས2022ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་དབུ་ཚོགས་ཀྱི་མགོ་བརྩམས།