ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་འགྲམ་ནས་སྤུས་ལེགས་སྨན་བཅོས་ལོངས་སྤྱོད་ཐུབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ནས་བཟུང་། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་དབང་རྩའི་ཁོག་ནད་ཚན་ཁག་དང་། དབང་རྩའི་ཕྱི་ནད་ཚན་ཁག ཀྲུང་ལུགས་གསོ་རིག་གི་ལུས་གསོའི་ཚན་ཁག་སོགས་ཆེད་ལས་ཚན་ཁག་6གསར་དུ་ཁ་སྣོན་བྱས་པར་བརྟེན། སྨན་བཅོས་གཙོ་བོའི་སྤུས་ཚད་ཀྱི་དམིགས་ཚད་མངོན་གསལ་དོད་པོ་འཕར་བ་དང་། 2021ལོར་སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་། སྨན་ཁང་དུ་སྡོད་ཚད། གཤགས་བཅོས་བྱེད་ཚད་བཅས་2018ལོ་དང་བསྡུར་ན་འཕར་ཚད་48%དང་། 22% 66%བཅས་སོ་སོར་ཟིན་ནས་མི་སེར་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་བོད་ཤར་ས་ཁུལ་གྱི་ནད་པས་ཁྱིམ་གྱི་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

སྒོ་བསྟེན་སྨན་བཅོས་ཀྱི་སྨན་རྩལ་ཐོག་ཁང་དང་ཁོག་ནད་ཚན་ཁག་གི་ཐོག་ཁང་གནས་སྤོས་ལེགས་གྲུབ་བྱུང་བས་སྨན་བཅོས་ལས་སྒོའི་གཞི་ཁྱོན་78%མང་དུ་སོང་བ་དང་། རིན་ཐང་སྒོར་དུང་ཕྱུར་0.8ཙམ་རི་བའི་སྨན་བཅོས་སྒྲིག་ཆས་180ལྷག་ཙམ་སྒྲིག་སྦྱོར་བྱས་པ། ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་གནས་སྐབས་ལྟ་ཞིབ་ནད་ཁང་གི་མཁྲེགས་ཆས་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་བཏང་ཞིང་། སྤྱི་པའི་ནུས་པ་ཆེ་རུ་གཏོང་བའི་ལས་གྲྭ་འཛུགས་སྐྲུན་བདེ་བླག་ངང་སྤེལ་ནས། བློ་རིག་ཅན་དང་བདེ་འཇགས་ཅན་གྱི་མཛེས་སྡུག་ལྡན་པའི་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རྒྱབ་སྐྱོར་འོག ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྒྲིག་ཁོངས་མི་སྣ་29དང་། ལས་མི་50 ལས་གཉེར་སྨན་པའི་ལག་ཁྱེར་ཡོད་པའི་ཤེས་ལྡན་མི་སྣ་76བཅས་གསར་སྣོན་བྱས་པ་རེད། ལས་སྒོའི་རྐང་འཛིན་པའམ་གསར་དུ་ལས་ཞུགས་བྱས་པའི་དགེ་ཕྲུག་ཁྱོན་214གསོ་སྐྱོང་བྱས་ཤིང་། ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་མཐོ་རིམ་གོ་མིང་ཐོབ་པའི་མི་སྣ་18དང་། འབྲིང་རིམ་གོ་མིང་ཐོབ་པའི་མི་སྣ་29 ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་རྒྱལ་ཁབ་རིམ་པའི་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་ཚུད་པ་3བཅས་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།