ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དར་འོག་བདེ་ཐང་ངང་འཚར་ལོངས་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལོ་ལྔའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་རེད་ལ། ཏང་གི་འབྱུང་འགྱུར་ཡང་རེད།

ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ནས་ལོ་5སོང་རིང་། བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ཏང་གི་ཉི་འོད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། བོད་ཀྱི་ལོ་ཆུང་བྱིས་པས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ལྷད་མེད་བརྩེ་སེམས་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དར་ཆ་གསལ་སྟོན་གྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱས་པ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་དང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སེམས་ཁུར་དང་གཅེས་སྐྱོང་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་ཐད་ཀའི་སྣེ་ཁྲིད། སློབ་གསོའི་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྤྱི་ཚོགས་ལས་རིགས་ཁག་གི་གཞོགས་འདེགས་ཧུར་ཐག་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་བློ་འབྱེད་དང་རིན་ཐང་ལྟ་བ་འཛུགས་པའི་གཙོ་འགན་གཙོ་ལས་ལ་དམིགས་ཏེ། ལོ་ཆུང་བྱིས་པའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི“སྐེ་དར་དམར་པོའི་སྐོར་སྐྱོད་འཆད་ཁྲིད་ཚོགས་པས”རྒྱུན་རྣམ་ཅན་གྱི་སྒོ་ནས་སྒྲོག་འགྲེལ་སློབ་ཁྲིད་བྱས་ཤིང་། མིག་སྔའི་བར་དྲ་ཐོག་དང་དྲ་ཕྱི་ནས་སྒྲོག་འགྲེལ་ཐེངས་164བྱས་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་ཁྲི་3ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་རྒྱུར་དམིགས་ནས“སྐེ་དར་དམར་པོ་ཏང་ལ་ཕྱོགས”དང“སྐེ་དར་དམར་པོའི་འགྲེལ་བཤད་པ”སོགས་ཀྱི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་སྒྲིག་འཛུགས་བྱས་ནས་གསར་བརྗེའི་དྲན་གསོ་ཁང་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཁང་། རྟེན་རྫས་བཤམས་མཛོད་ཁང་། ཚན་རྩལ་ཁང་སོགས་སུ་ས་གནས་ས་ཐོག་ཏུ་ཉམས་ལེན་དང་། ལྟ་སྐོར་འདྲི་རྩད། དང་བླངས་གསལ་འགྲེལ་བཅས་བྱེད་པར་བསྐྱོད་ཡོད།

རྩ་འཛུགས་ཀྱི་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་གཟི་བརྗིད་བསམ་པ་ཆེ་རུ་བཏང་བ།

རྩ་འཛུགས་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་དང་། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན། རུ་ཁག་ཆེ་འབྲིང་ཆུང་གསུམ་བཅས་ཀྱི་འཛུགས་སྐྱོང་སྒྲིག་འཛུགས་དང་ཚད་ལྡན་དུ་བཏང་བས། རྫོང(ཆུས)74དང་སློབ་གྲྭ་འབྲིང་ཆུང་936གི་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱི་འཛུགས་སྐྱོང་ཁྱོན་ཡོངས་ལ་ཁྱབ་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་མཚོན་རྟགས་བཀོལ་སྤྱོད་ནན་པོ་བྱས་ནས“སྐེ་དར་དམར་པོའི་བྱ་དགའི་རྟགས་མ”བརྩོན་ལེན་བྱེད་པའི་བྱེད་སྒོ་ཡོངས་ཁྱབ་སྤེལ་བ་དང་གཟའ་འཁོར་རེའི་ཆུ་ཚོད་གཅིག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་སློབ་ཚན་དེ་སློབ་གྲྭ་འབྲིང་ཆུང་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ངེས་སྦྱོང་སློབ་ཚན་ནང་བཅུག་ནས་གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

གུང་གཞོན་སྡེ་ཚོགས་ཀྱིས་ཆབ་སྲིད་དང་། རྩ་འཛུགས། དཔུང་ཁག ལས་དོན་བཅས་ལ་སྐུལ་འདེད་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་ཆེད། སྡེ་ཚོགས་ལྗོངས་ཨུ་ལྷན་དང་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་ཟུར་ཁྲིད་པའི་དཔུང་ཁག་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་བདམས་ནས་གདན་ཞུ་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ལ་སྤྱི་ཁྱབ་ཟུར་ཁྲིད་པ་བཀོད་སྒྲིག་བྱེད་ཚད་100%ཟིན་པ། སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་གྱི་ཟུར་ཁྲིད་པ་973དང་སློབ་ཕྱིའི་ཟུར་ཁྲིད་པ་387ཟིན་པ། ཆབ་སྲིད་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་དབྱེ་རིགས་དབྱེ་དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ཏེ། རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་གསོ་སྦྱོང་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་སློབ་ཚན་སྤུས་ལེགས་འགྲེམས་སྟོན་སྤེལ་རེས་བྱས་ཤིང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་3000ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

ལག་ལེན་ཁྲོད་མི་སྣ་གསོ་སྐྱོང་བྱ་རྒྱུ་འབུར་དུ་ཐོན་པ་བྱས་ནས་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། གསར་བརྗེའི་དྲན་གསོ་ཁང་། གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སོགས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་ལ་གང་ལེགས་བརྟེན་ནས། ལས་གནས་ཉམས་ལེན་དང་། ཞིབ་འཇུག་འདྲི་རྩད། ཚན་རིག་ཁྱབ་གདལ། དང་བླངས་ཞབས་ཞུ་སོགས་ཀྱི་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་65བཙུགས་ནས་མིང་བཏགས་པ། བརྗོད་དོན་གཙོ་བོ་མངོན་གསལ་དོད་པའི“ལོ་ཆུང་གདོང་ལེན་རུ་ཁག་གི་ལག་ལེན་སློབ་གསོའི་ས་བཀྲ”ཧུར་ཐག་གཏོད་པ་བཅས་བྱས་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཁྲི་10ཙམ་ལག་ལེན་དངོས་ཀྱི་ནང་ཞུགས་ནས་ལག་ལེན་དངོས་ཀྱི་ཉམས་ལེན་ཁྲོད་སྤྱི་ཚོགས་ལ་ལྟ་ཞིབ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ཉམས་ལེན། གྲུབ་འབྲས་ཐོབ་ནས་འཚར་ལོངས་ཡོང་བ་བཅས་བྱས་པ་རེད། ལོ་ཆུང་སྟོབས་ཆེར་སོང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བ་དང་ལོ་ཆུང་ཡར་རྒྱས་སོང་ན་རྒྱལ་ཁབ་དར་རྒྱས་འགྲོ་ཐུབ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་སློབ་སྦྱོང་ལ་འབད་བརྩོན་དང་འཇོན་ཐང་ཆེ་རུ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ཚུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། སྟོབས་ཤུགས་གསོག་འཇོག་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།