ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་མཐའ་མཚམས་སུ་སྐྱོད་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་སྒྲིག་འཛུགས་བྱས་པ་དང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་། མངའ་རིས་ས་ཁུལ་ཚན་རིག་ལག་རྩལ་ཅུས། བོད་ལྗོངས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ཚན་རིག་ཁྱབ་གདལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་དུ། མངའ་རིས་ས་ཁུལ་དུ་2022ལོའི་ལོ་འཁོར་གྱི“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་མཐའ་མཚམས་སུ་སྐྱོད་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ནས། མཐའ་མཚམས་སློབ་གྲྭའི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་སྔར་བས་མཐོ་རུ་བཏང་སྟེ། མཐའ་མཚམས་སློབ་གྲྭའི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལ་དགའ་བའི་སྤྲོ་སྣང་འཕེལ་བར་བྱས་པ་རེད།

ཉིན20ལ་ཉེ་བའི་དུས་ཚོད་ནང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཚན་རྩལ་ལས་དོན་པ་15མངའ་རིས་ས་ཁུལ་གྱི་རྫོང་7གྱི་སློབ་གྲྭ་འབྲིང་ཆུང་11ཏུ་བསྐྱོད་དེ། སྔ་རྗེས་སུ་ཚན་རིག་ཤེས་བྱའི་སྐོར་གྱི་གཏམ་བཤད་ཐེངས་42བྱས་པར་རིམ་རྩིས་བྱས་ན་སློབ་མ་མི་ཐེངས་8000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།