ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁྲལ་གྲོན་རྒྱབ་སྐྱོར་གྱི་སྲིད་ཇུས་གསར་པས་བོད་ལྗོངས་ཀྱི་ཁེ་ལས་ལ་ཐད་ཀར་ཕན་པ་བསྐྲུན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་གྱི་སྲིད་ཇུས་གསར་པས་ཁེ་ལས་ལ་ཐད་ཀར་ཕན་པ་བསྐྲུན་པ་དང་། བོད་ལྗོངས་ཀྱི་ཁྲོམ་རའི་བྱེད་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཟླ་6ཚེས་25ཉིན་བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དེ་བཞིན་ཁྲལ་རིན་འགྱངས་འཇལ་བཅས་བྱེད་ཚད་སྒོར་དུང་ཕྱུར་77.24འཕར་བ་དེའི་ནང་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སྒོར་དུང་ཕྱུར་70.17ཟིན་པ་དང་། ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་5.18འཕར་བ། ཁྲལ་རིན་འགྱངས་འཇལ་སྒོར་དུང་ཕྱུར་1.89བྱས་པ་བཅས་རེད།

དབྱེ་ཞིབ་བྱས་པར་གཞིགས་ན། གཞི་ཁྱོན་ངོས་ནས་བལྟས་ཚེ་ཕྲན་ཚེགས་ཁེ་ལས་ནི་ཕན་པ་ཐོབ་མཁན་གཙོ་བོ་རེད། ཟླ་4པ་ནས་བཟུང་ཁྲལ་སློག་ཟིན་པའི་ཁྲལ་འཇལ་བའི་ཁྲོད་ཕྲན་ཚེགས་ཁེ་ལས་ཀྱི་བསྡུར་གྲངས་བཟུང་ཚད་91.7%ཟིན་པ་དང་ཁྱོན་ཁྲལ་སྒོར་དུང་ཕྱུར་21.46སློག་ཡོད་པ་རེད། ལས་རིགས་ངོས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་སོགས་ལས་རིགས་དྲུག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཟླ་4ཚེས་1ཉིན་ནས་ཟླ་6ཚེས་25ཉིན་བར། གསོག་འབོར་དང་འཕར་ཚད་ཚང་མ་ཚབ་འཕྲི་ཁྲལ་སློག་པའི་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་དྲུག་ལ་ཁྲལ་སྒོར་དུང་ཕྱུར་48.87སློག་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།