ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ2113གྱིས་མཐའ་མཚམས་སུ་མཐོ་སྒང་ལ་བྱས་རྗེས་བཞག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐོར་དགུ་བའི་ལས་དོན་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ལོ་ངོ་གསུམ་རིང་། ཞིང་ཆེན་དང་གྲོང་ཁྱེར17ནས་ཡོང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་དང་མི་དམངས་ཚོགས་པ73དང་། རྒྱལ་དབང་རྐང་འཛིན་ཁེ་ལས28། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ལྟ་སྐུལ་དོ་དམ་ཁེ་ལས17བཅས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ2113མཐའ་མཚམས་སུ་རྐང་ཚུགས་ནས་མཐོ་སྒང་ལ་བྱས་རྗེས་བཞག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མངོན་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་བཞག་ཡོད། 

ལོ་ངོ་གསུམ་རིང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར། སྤེལ་རེས་སོགས་ཀྱི་བྱ་འགུལ5400ལྷག་སྤེལ་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བོད་སྐྱོར་ལས་དོན་ལ་སྤྱི་འདོམས་བྱས་ནས། བོད་སྐྱོར་ལས་དོན་ཁག“སྤྲོད་པ་གསུམ་དང་ཕན་ཡོད་གཅིག”གི་བླང་བྱ་དང་མཐུན་པར་འགན་ལེན་ཏན་ཏིག་བྱས། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་ནས“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞིའི”ཐད་ནུས་ཤུགས་ཡོད་རྒུ་བཏང་ལ། འདུ་ཤེས་དང་ཉམས་མྱོང་། ལག་རྩལ་སོགས་ལེགས་ཆ་འདོན་སྤེལ་བྱས་ནས་འཆར་གཞིའི་ནང་གི་མ་དངུལ་སྒོར་དུང་ཕྱུར141.44དང་དེ་མིན་གྱི་མ་དངུལ་སྒོར་དུང་ཕྱུར64.87དོན་འཁྱོལ་བྱས་ཏེ། ཚོང་འགུགས་དངུལ་འདྲེན་བྱ་འགུལ་ཐེངས2093སྤེལ་ནས་ལྗོངས་ཕྱིའི་ཁེ་ལས1141ནང་འདྲེན་བྱས་པ་དང་། དོན་དངོས་ཐོག་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར414.14བཅས་ཡོད་པས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བྱས་རྗེས་འགངས་ཆེན་བཞག་ཡོད། 

དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་ཆེད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་དབུལ་སྐྱོར་དང་མཐའ་མཚམས་འཛུགས་སྐྲུན། གཞི་རིམ་ཏང་འཛུགས་སྐྱོང་སོགས་རྣམ་གྲངས་ཧུར་ཐག་གིས་སྤེལ་ཞིང་། མ་དངུལ་སྒོར་དུང་ཕྱུར27.8བཏང་ནས་བརྟན་ལྷིང་སྲུང་སྐྱོང་རྣམ་གྲངས157དང་གཞི་རིམ་ཏང་འཛུགས་སྐྱོང་རྣམ་གྲངས315ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར27བཏང་ནས་མཐའ་མཚམས་འཛུགས་སྐྲུན་རྣམ་གྲངས234དང་དབུལ་སྐྱོར་རྣམ་གྲངས919ལག་བསྟར་བྱས་ཏེ། དབུལ་ཕོངས་མང་ཚོགས་ཁྲི1.95དབུལ་ཐར་ཡོང་བར་རོགས་རམ་བྱས། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་བྱས་ནས་དབུལ་སྐྱོར་ཐོན་ལས་རིམ་སྤར་ལ་རོགས་འདེགས་ཀྱི་རྣམ་གྲངས627ལག་བསྟར་བྱས། དེ་དང་ཆབས་ཅིག རིག་ལྡན་སྨན་བཅོས་དང་རིག་ལྡན་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ནས། “1+7”སྨན་ཁང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་མཐོར་འདེགས་སུ་ཕྱིན་པ་དང་། གསར་སྣོན་བྱུང་བའི་ས་ཁོངས་རང་བཞིན་གྱི་ལྟེ་བའི་སྨན་ཁང13གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་། རོགས་སྐྱོར་བྱ་ཡུལ་སློབ་གྲྭ21གི་སློབ་གསོའི་སྤུས་ཚད་ལོ་རེ་བཞིན་ཇེ་མཐོར་ཕྱིན་ནས་རྒྱུན་མཐུད་ངང་རང་སྐྱོང་ལྗོངས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད།

ལོ་ངོ་གསུམ་རིང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་སྦྲེལ་ཟམ་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བརྩེ་བའི་རོགས་སྐྱོར་དང་དྲོད་ཁོལ་སྦྱིན་པ་རེད། རོགས་སྐྱོར་བྱ་ཡུལ་དང་བྱེད་མཁན་ཕྱོགས་གཉིས་ཀྱིས་ཆ་སྒྲིག་རོགས་སྐྱོར1200ལྷག་བཙུགས་པ་དང་། མི་ཁྲི1.35སྒྲིག་འཛུགས་བྱས་ནས་རོགས་སྐྱོར་མངག་གཏོང་ལས་ཁུངས་སུ་སྤེལ་རེས1300ལྷག་སྤེལ་བ་དང་། ལྗོངས་ཕྱིའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་སྐུལ་སློང་བྱས་ནས་བོད་ལྗོངས་སུ་སྒོར་དུང་ཕྱུར4ལྷག་གི་ཞལ་འདེབས་ཕུལ་ཏེ། དྭ་ཕྲུག་དང་དབུལ་ཕོངས་སློབ་མ་ཁྲི1.8ལྷག་ལ་རོགས་རམ་བྱས་པ་དང་། རུས་ཚིགས་ཆེན་པོའི་ནད་དང་ལྷན་སྐྱེས་སྙིང་ནད། ཁ་ཤོའི་ནད་སོགས་ཀྱི་ནད་པ7000ལྷག་ལ་རིན་མེད་སྐྱོབ་བཅོས་བྱས་ཤིང་། ཏང་གཅེས་རྒྱལ་གཅེས་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཆེ་བའི་དྲིལ་སྒྲོག་ཐེངས2900ལྷག་སྤེལ། དུད་ཚང3215ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། མང་ཚོགས་ཀྱི་ཆེད་དུ་དོན་དངོས4200ལྷག་སྒྲུབ་ལ། ལྗོངས་ཕྱིའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ6000ལྷག་བོད་ལྗོངས་སུ་ཡོང་ནས་དུས་ཐུང་ཞབས་ཞུ་སྤེལ་བར་མཐུན་སྦྱོར་ཧུར་ཐག་བྱས། ཆེད་མཁས་པ4100ལྷག་བོད་ལྗོངས་སུ་ཕེབས་ནས་སློབ་ཁྲིད་བྱེད་པར་སྐུལ་འདེད་བཏང་སྟེ། ལས་སྒོ་གསར་བ་དང་ལག་རྩལ་གསར་བ2600ལྷག་ནང་འདྲེན་དང་ཁྱབ་གདལ་དུ་བཏང་། བོད་ལྗོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྲི2ལྷག་ལྗོངས་ཕྱིར་སློབ་སྦྱོང་དང་ལྟ་སྐོར་དུ་འགྲོ་བར་སྒྲིག་འཛུགས་བྱས་ཤིང་། གསོ་སྦྱོང་འཛིན་གྲྭ་ཐེངས5700ལྷག་སྤེལ་ནས་ས་གནས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མི་ཐེངས་ཁྲི10ལ་གསོ་སྦྱོང་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།