ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་རྩེས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལྟར་ཚེས22ཉིན་གྱི་ཕྱི་དྲོར་གཞིས་རྩེ་གྲོང་ཁྱེར་གྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ་འཚོགས་པ་རེད།

སྙན་ཞུའི་ཚོགས་འདུར་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་གཞིས་རྩེ་གྲོང་ཁྱེར་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཉི་མ་ཚེ་རིང་གདན་དྲངས་ཏེ“རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བདག་པོའི་ཉམས་འགྱུར་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ”དང་། “སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་གཏོང་རིང་མི་སྒེར་འཕེལ་རྒྱས་ཡོང་བ་དང་མི་སྒེར་གྱི་རིན་ཐང་མངོན་ཐུབ་པ་བྱེད་པ” “ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱིའི་བྱ་སྤྱོད་དུ་འཁྱོལ་བར་བྱེད་པ”བཅས་ཀྱི་ཕྱོགས་གསུམ་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཤིང་། ཁོང་གི་གོ་བདེ་ཤེས་སླའི་སྐད་ཆ་དང་། གསོན་ཉམས་དོད་པའི་དཔེ་མཚོན། གོ་སླ་བའི་འགྲེལ་བཤད་བཅས་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། “སྒྲོག་འགྲེལ་ཉན་པ་བརྒྱུད་ངའི་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་སོང་ལ། ‘འདུ་ཤེས་གསུམ’བརྟན་པོར་འཛུགས་རྒྱུ་ནི་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་འཕེལ་བར་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གསལ་པོ་བྱུང”ཞེས་རྒྱ་མཚོ་གཞུང་ཤང་འཁྱུང་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཆུང་གིས་གསར་འགོད་པར་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།