ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​བོད་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཞིང་འཕྲུལ་གྱི་ལས་སྒྲུབ་སྣུམ་གྱི་དགོས་མཁོ་བསྐངས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ལོ་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཕྱིར་ཚོང་ཡན་ལག་ཀུང་སི། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཕྱིར་ཚོང་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་རྡོ་སྣུམ་ཡན་ལག་ཀུང་སི་བཅས་ཀྱིས་མཉམ་དུ《“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་འཕྲུལ་གྱི་ལས་སྒྲུབ་སྣུམ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་གནས་ཁག་གིས“ཞིང་འཕྲུལ་སྣུམ་སྣོན་གཱ་གཅིག་ཀུན་འཐུས”རིན་མེད་ངང་གཉེར་བ་དང་། སྔོན་ལ་སྣུམ་སྣོན། གཟིགས་སྐྱོང་མཁོ་སྤྲོད། སྣུམ་གཤམ་སྐྱེལ་སོགས་ཞིང་ཕན་བྱ་ཐབས་ཏན་ཏིག་སྤེལ་ཏེ་སོ་ནམ་དུས་ཚིགས་གལ་ཆེན་གྱི་ཞིང་འཕྲུལ་གྱི་ལས་སྒྲུབ་སྣུམ་གྱི་དགོས་མཁོ་བསྐངས་ནས་བོད་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སུ་ཞིང་ལས་ཐོན་སྐྱེད་བྱེད་མཁན་མི་སྒེར་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཡིན་ཕྱིན། ཚང་མས་འབྲེལ་ཡོད་ཀྱི་འགྲོ་ལུགས་བརྒྱུད་ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོང་གཉེར་ས་ཚིགས་སུ“ཞིང་འཕྲུལ་སྣུམ་སྣོན་གཱ་གཅིག་ཀུན་འཐུས”ཀྱི་འགྲོ་ལུགས་རིན་མེད་ངང་གཉེར་ཆོག་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྤྲད་པའི“ཞིང་འཕྲུལ་གྱི་ལས་སྒྲུབ་སྣུམ་གྱི་དཔང་ཡིག”ལ་བརྟེན་ནས་སྣུམ་ཟོམ་ཁྱེར་ནས་སྣུམ་བླུགས་ཆོག་པ། ལོ་ལྟར་གྱི་ཟླ་3པ་ནས་6པ་བར་དང་། ཟླ་8པ་ནས་10པའི་བར་སྣུམ་མཁོ་འདོན་གཟིགས་སྐྱོང་བྱེད་རིང་། ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོང་གཉེར་ས་ཚིགས་ཀྱིས་ཞིང་འཕྲུལ་གྱི་ལས་སྒྲུབ་སྣུམ་གྱི་དགོས་མཁོ་སྔོན་ལ་འདང་ངེས་འགན་ལེན་བྱས་ནས། ཞིང་འཕྲུལ་སྣུམ་སྤྱོད་ཀྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱེད་པ་དང་།“ཞིང་འཕྲུལ་སྣུམ་སྣོན་གྱི་གཱ་གཅིག་ཀུན་འཐུས”སམ་ཡང་ན“ཀྲུང་གོ་རྡོ་སྣུམ་གྱི་ཚོང་ཤག་ཡག་པོའི་eས་ཚིགས”དང། “དབྱི་ཅེ་སྣུམ་སྣོན”གྱི་APPའམ་ཡང་ན་བྱ་རིམ་ཆུང་གྲས་ལ་བརྟེན་ནས་ཞིང་འཕྲུལ་གྱི་ལས་སྒྲུབ་སྣུམ་བླུགས་ཆོག་པ་མ་ཟད། སྔོན་ལ་སྣུམ་བླུགས་པའི་ཞབས་ཞུ་དང་ཧྲེང་རེར་སྒོར་0.3གཅོག་པའི་གཟིགས་སྐྱོང་ལོངས་སྤྱོད་ཀྱང་བྱེད་ཆོག་གི་ཡོད། གཅིག་སྡུད་ཐོག་སྣུམ་ཏུན་5འམ་ཡང་ན་དེ་ཡན་བླུགས་དགོས་པའི་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་ཡིན་ཚེ། ཞིང་འཕྲུལ་ལས་སྒྲུབ་སྣུམ་ཉོའི་འབྲེལ་ཡོད་འགྲོ་ལུགས་གཉེར་རྗེས་ས་གནས་དེ་གའི་སྲིད་གཞུང་གིས་ཐག་ཉེ་སའི་ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོང་གཉེར་ས་ཚིགས་ལ་རིན་མེད་ངང་སྣུམ་གཤམ་སྐྱེལ་དང་ཞིང་ནང་དང་མུ་ཁར་སྟབས་བསྟུན་སྣུམ་སྐྱེལ་བ་སོགས་ཀྱི་དམངས་ཕན་ཞབས་ཞུ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།