ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་མཐའ་མཚམས་སུ“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ”ཞེས་པའི་ལག་ལེན་བྱ་འགུལ་ཏན་ཏིག་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

28176308-d121-4363-8805-aaea1bade35c.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་སྤང་ངག་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཞིང་ལས་ལས་རོགས་བྱེད་བཞིན་པའི་རྣམ་པ་རེད།

88bd945f-7578-4b46-af99-1e610e075a0a.jpg

པར་འདི་ནི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པར་ལྟ་སྐྱོང་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་འཚོར་དོན་ཆུང་མེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཐུགས་ཁུར་དང་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་བཞིན་པ་དང་བསམ་བློ་གཏོང་བཞིན་པའི་དོན་དག་ལ་དམིགས་ཏེ“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ”ཞེས་པའི་ལག་ལེན་བྱ་འགུལ་ཏན་ཏིག་གིས་སྤེལ་ནས། མང་ཚོགས་ལ་ཞབས་འདེགས་སྒྲུབ་པའི་ནུས་པ་དང་ཁྲིམས་འཛིན་ཆུ་ཚད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་བཏང་བ་དང་། ཁོངས་གཏོགས་ཁུལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྣང་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་ཡོད། །

145a7c0a-e391-45d6-b3f6-b979265af235.jpg

པར་འདི་ནི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་རྒན་པར་འཚམས་འདྲི་བྱེད་བཞིན་པའི་རྣམ་པ་རེད།

445cf984-5d47-4a94-98e9-8d75e9245641.jpg

པར་འདི་ནི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་མང་ཚོགས་ལ་རོགས་སྐྱོབ་བྱེད་བཞིན་པ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།