ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3c90b4a2-de1b-42d2-9b6a-c6b527103da7.jpg

པར་འདི་ནི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་བློ་མཐུན་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བཞིན་པ།

7384c27a-3f85-423a-9688-3e273f38606f.jpg

པར་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་བོད་སྐྱོར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་གཟེངས་བསྟོད་གཏན་འབེབས་དང་གཟེངས་བསྟོད་བརྡ་ཁྱབ་སྒྲོག་སྦྱངས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། རེན་ཝེ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། རྡོ་ཐོགས། ཝང་ཡ་ལིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུར་ཞུགས་མཁན་འགོ་ཁྲིད་ཚོས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། ཕུལ་བྱུང་མི་སྒེར་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་བསྟན་དོན། ལོ་གསུམ་རིང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་བོད་སྐྱོར་གྱི་ལས་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་རང་ཞིང་ཆེན་དང་། གྲོང་ཁྱེར། ཚན་པ་བཅས་ཀྱི་སྤྱིའི་འཆར་འགོད་དང་ལས་ཀའི་བཀོད་སྒྲིག་ནང་བཞག་སྟེ་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ལ། བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ནས་བོད་སྐྱོར་སྲིད་ཇུས་གནད་སྨིན་དོན་འཁྱོལ་དང་། བོད་སྐྱོར་ལམ་སྲོལ་ཞིབ་ཕྲ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྐྱོར་བྱེད་ཐབས་ཇུས་འགོད། བརྟན་ལྷིང་སྲུང་སྐྱོང་གི་བོད་སྐྱོར་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བ། དཔལ་འབྱོར་བོད་སྐྱོར་ཟབ་ཏུ་དང་མཐོ་རུ་གཏོང་བ། དམངས་འཚོའི་བོད་སྐྱོར་ཐད་བརྩེ་སེམས་བཅངས་པ། རིག་གནས་བོད་སྐྱོར་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར། རིག་སྟོབས་བོད་སྐྱོར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

ཝང་ཅུན་ཀྲེང་གིས་བསྟན་དོན། བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་འདི་ཉིད་ཕ་ཡུལ་གཉིས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་གཉེན་ཉེར་བརྩིས་ནས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མིག་དཔེ་སྟོན་པ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་སྣེ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་མིག་དཔེ་སྟོན་པ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་གདོང་ལེན་པ་བྱེད་པ། བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་གཏོང་བར་མིག་དཔེ་སྟོན་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་། དངོས་སྒྲུབ་ཀྱིས་འགན་འཁྲི་འཁུར་བ། བོད་སྐྱོར་ལས་དོན་ལ་བརྩེ་སེམས་ཟབ་མོ་འཆང་བ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དཀའ་སྤྱད་རྔུལ་ཆུ་འདོན་པ་དང་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ས་མཐོར་གཞི་ཚུགས་པ་དང་བོད་དུ་བྱས་རྗེས་འཇོག་པའི་ལེགས་སྐྱེས་སྙིང་སྟོབས་དང་གཟུགས་བརྙན་བཟང་པོ་བཅས་མངོན་ཡོད། བློ་མཐུན་ཚོས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་ཕུལ་བའི་བློས་གཏོང་དང་ལེགས་སྐྱེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནམ་ཡང་བརྗེད་མི་སྲིད། ཁ་གཏད་བོད་སྐྱོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ནི་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པ་དེ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། ཀྲུང་ཧྭ་མི་རིགས་ཕན་ཚུན་ལྟ་སྐྱོང་དང་སྤུན་ཟླའི་མཛའ་མཐུན་གྱི་བརྩེ་སེམས་ཟབ་མོ་བཅས་གང་ལེགས་མངོན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནི་རང་ལྗོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུ་ལེགས་སུ་བཏང་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ནུས་པ་འདོན་པར་ཁོར་ཡུག་བཟང་པོ་གཏོད་དགོས། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རིང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གལ་ཆེའི་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་དང་། ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་མཐའ་འཁྱོངས་བྱས་ནས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ལས་ཀ་དང་འཚོ་བའི་མཐུན་རྐྱེན་བཟང་པོ་ཧུར་ཐག་བཏོད་དེ་ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་སེལ་དགོས།

ཝང་ཅུན་ཀྲེང་གིས་བསྟན་དོན། ལོ་གསུམ་བོད་སྐྱོར་ལས་དོན་བསྒྲུབས། ཚེ་གང་ས་མཐོར་བརྩེ་སེམས་འཆང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚོས་སྔར་བཞིན་བོད་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར། བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། བོད་ལྗོངས་དེ་བས་ལེགས་པ་དང་དེ་བས་མྱུར་བའི་སྒོ་ནས་འཛམ་གླིང་ལ་ངོ་སྤྲོད་བྱས་ཏེ་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།