ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ལ་བྱ་བ་དངོས་བསྒྲུབས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྫ་ཡུལ་རྫོང་ཆུ་བེད་ཅུས་ཀྱིས་ཆུ་དཀོན་པའི་རི་ཁུལ་དུ་ཆུ་མཛོད་དང་། བྱེ་འཇགས་རྫིང་བུ། གཙང་པོ་སྒྲོལ་བའི་ལས་གྲྭ ཆུ་གཙང་བཟོའི་བཟོ་གྲྭ་སོགས་གསར་དུ་བསྐྲུན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་བསལ་ཡོད། འདི་ནི་རྫ་ཡུལ་རྫོང་ཆུ་བེད་ཅུས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་འཐུང་ཆུའི་ལས་གྲྭའི་ཆུ་ལེན་ས་འཛུགས་སྐྲུན་གྱི་ལས་ཡུལ་དུ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་བཞིན་པ།

རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས“ཉེན་རྟོག་པ་བརྒྱ་ཡིས་དམངས་ལ་ཕན་པ་སྐྲུན་པའི”འཚམས་འདྲིའི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱས་ནས“འགྱངས་ཆད་གཉིས”ཀྱི་མ་དངུལ་གནད་དོན་ཐག་གཅོད་བྱས་པ་རེད། འདི་ནི་རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ལས་ཡུལ་དུ་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་བྱེད་བཞིན་པ།

རྫ་ཡུལ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད་སྤེལ་ཏེ་སྒོ་རྩར་བསྐྱོད་ནས་སྨན་ཁབ་རྒྱག་པའི་ཞབས་འདེགས་ཞུས་ཤིང་། འདི་ནི་སྨན་དོན་མི་སྣ་སྒོ་རྩར་བསྐྱོད་དེ་ཡུལ་མི་ཚོར་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།

རྫ་ཡུལ་རྫོང་སྨན་བཅོས་འགན་ལེན་ཅུས་ཀྱིས“ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་རྒྱུ”ཁྱབ་གདལ་བཏང་བ་དང་། རྫ་ཡུལ་རྫོང་མི་དམངས་སྨན་ཁང་དུ“སྨན་བཅོས་འགན་སྲུང་གི་གློག་རྡུལ་དཔང་འཛིན་ལེན་པར་གཞོགས་འདེགས་བྱ་ཡུལ”བཙུགས་ནས། སྨན་བཅོས་བྱེད་པར་ཡོང་བའི་ནད་པར་སྨན་བཅོས་འགན་སྲུང་གི་གློག་རྡུལ་དཔང་འཛིན་སྤྱོད་སྟངས་བསླབས་ཡོད། འདི་ནི་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་སྨན་བཅོས་འགན་སྲུང་གི་གློག་རྡུལ་དཔང་འཛིན་སྤྱོད་སྟངས་སློབ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ཚན་པ་ཁག་གིས“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལོའི”ལས་ཀའི་བཀོད་སྒྲིག་བླང་བྱ་དང་ཡང་ཡང་བསྡུར་ནས་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། དམ་པ་དོན་གཉེར་གཙོ་གནད་དུ་བྱེད་པ། ནུས་པ་འདོན་སྤེལ་སྣེ་ཁྲིད་དུ་བྱེད་པ་བཅས་བྱས་ནས་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་དང་དོན་འཁྱོལ་ལ་མཉམ་དུ་སྐུལ་འདེད་དང་མཐུན་སྦྱོར་ཡར་རྒྱས་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཞིང་། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སློབ་གསོ། རྨང་གཞིའི་སྒྲིག་བཀོད། འགལ་ཟླ་དང་རྩོད་གཞི། དམངས་འཚོ་འགན་ལེན། ཞིང་ལས་ཐོན་སྐྱེད། སྡོད་མལ་ཁོར་ཡུག སྨན་བཅོས་འགན་སྲུང་། སྲིད་ཇུས་གསལ་འགྲེལ་སོགས་དམངས་འཚོའི་བྱ་བ་དངོས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།