ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཚན་རིག་ཁང་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220715313131430533.jpg

པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཚན་རིག་ཁང་གི་ཕྱིའི་བཀོད་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས14ཉིན། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ཚན་ཆུང་སྐོར་དགུ་བས་མ་དངུལ་སྒོར་ཁྲི7000བཏང་ནས་སྐྲུན་པའི་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁང་ཐོག་མ་སྟེ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཚན་རིག་ཁང་གི་སྒོ་བྱང་བཀལ་ནས་བཙུགས་པ་རེད། དེ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོང་བརྗོད་གཞི་བྱས་པའི་སློབ་མ་ཆུང་འབྲིང་གི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་དུས་མཉམ་དུ་སྤེལ་མགོ་བརྩམས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཚན་རིག་ཁང་ནི་ཆིང་ཏའོ་བོད་སྐྱོར་གྱིས་མ་འཇོག་ཆེས་མཐོ་བའི་རྣམ་གྲངས་ཞིག་ཡིན་ལ། ཆིང་ཏའོ་བོད་སྐྱོར་ཚན་ཆུང་གིས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཐོན་ཁུངས་གཅིག་སྡུད་བྱས་ཏེ་བྱང་ཚད་སློབ་གསོར་སྐུལ་འདེད་དང་འོས་འགན་སློབ་གསོ་ལག་བསྟར་བྱས་པའི་ཕྱོགས་བསྡུས་ལག་ལེན་སློབ་ཚན་ཐད་ཀྱི་ལག་ལེན་འཚོལ་ཞིབ་ཐེངས་གཅིག་ཀྱང་ཡིན། 

གཞོན་ནུ་ལོ་ཆུང་ཚན་རིག་ཁང་དུ་བོད་ལྗོངས་ཀྱི་ན་ཆུང་དམག་མའི་སློབ་གྲྭ་ཐོག་མ་དང་། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁང་ཐོག་མ། རྒྱ་མཚོའི་ཚན་རིག་ཁྱབ་གདལ་ཁང་ཐོག་མ་སོགས་དུས་མཉམ་དུ་བསྐྲུན་ཡོད་ལ། དེའི་དམིགས་ཡུལ་ནི་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་སྲུང་སྐྱོང་ཞིབ་འཇུག་སློབ་སྦྱོང་གི་བྱ་འགུལ་སྤེལ་ཏེ། གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་ཇེ་མཐོར་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ཐོན་ཁུངས་སྔར་བས་རྒྱ་སྐྱེད། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། གྲོང་མི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་རྒྱ་མཚོའི་ཤེས་བྱའི་འདུན་པ་སྐོང་པ་དེ་རེད།

W020220715313131436538.jpg

པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཚན་རིག་ཁང་གི་རྒྱ་མཚོའི་ཚན་རིག་ཁྱབ་གདལ་ཁང་གི་རྣམ་པ་རེད།

གཞན་ཡང་། ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་དུས་མཉམ་དུ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སློབ་མ་ཆུང་འབྲིང་གི“སྐྱེ་ཁམས་སྲུང་སྐྱོང་བརྗོད་གཞི་བྱས་པའི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ”སྤེལ་མགོ་བརྩམས་ཡོད། མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་སློབ་གསོ་དང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་སློབ་གསོ། རྒྱ་མཚོའི་རིག་གནས་ཁྱབ་གདལ་སོགས་སྤེལ་བ་བརྒྱུད། གཞོན་ནུ་ལོ་ཆུང་རྣམས་ལ་གསར་རྐྱང་གི་སྐྱེ་ཁམས་སྲུང་སྐྱོང་སློབ་ཚན་བཏོད་ཡོད་པ་དང་། སློབ་མ་ཚོས་དབྱར་གནང་གི་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།