ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་སྡུག་ལྡན་པའི་མཐའ་མཚམས་སུ་བསྐྱོད་པ་ལས་གཞིས་ཀ་རྩེའི་གྲོང་གསེབ་ཀྱི་རྣམ་པ་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྙན་རིས་ཁྲོད་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོས་ཁྱད་ཆོས་ལྡན་པའི་སློབ་རའི་རྒྱང་སྒྲོག་ལུས་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད། རོང་ཤར་ཤང་ལྟེ་བའི་སློབ་ཆུང་གི་འཛུགས་སྐྲུན་ནི་ཤང་ཡོངས་ཀྱི་ཆེས་ལེགས་པ་ཡིན་ལ། འདི་གར་སློབ་མ་ཚོས་རྒྱལ་ཁབ་ཀྱི་འགན་ལེན་གསུམ་གྱི་འགྲོ་གྲོན་དང་ཟླ་རེར་སྒོར111གི་འཚོ་བཅུད་ལེགས་སྒྱུར་འགྲོ་གྲོན་ལོངས་སྤྱོད་ཐུབ་པ་རེད། 2016ལོར། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར5.9བཏང་ནས་རོང་ཤར་ཤང་དུ་གཞུང་ལམ་ཞིག་གསོ་བྱས་པ་དང་། དེ་སྔོན་རྫོང་མཁར་ལ་རྟ་ཞོན་ནས་སོང་ན་ཉིན་གཉིས་ཀྱི་ལམ་ཐག་ཡོད་ལ། ད་ལྟ་རླངས་འཁོར་དུ་བསྡད་ན་ཉིན་ཕྱེད་ཙམ་གྱིས་ཐོན་པ་རེད། གཞན་ཡང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར1.2བཏང་སྟེ་ཤང་ཡོངས་ཀྱི་དུད་ཚང205ཡི་སྡོད་ཁང་སྒྱུར་བཀོད་རིམ་སྤོར་ལས་དོན་ལེགས་འགྲུབ་བྱུང་ཡོད། །

W020220704325160620360.jpg

W020220704325160623263.jpg

W020220704325160789928.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།