ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས573ལ་མིང་བཏགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་གྱི་རྒྱལ་ཁའི་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་སྐས་རིམ་གསར་བར་སླེབས་པར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་སྔོན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་གྱི་བརྗེ་རེས་སྐུལ་སྤེལ་ཚོགས་འདུ་བསྡུས་པ་རེད། ཚོགས་འདུའི་ཐོག ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ཆེད་དོན་ཚན་ཆུང་གིས་ལས་ཁུངས573ལ2021ལོའི་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས་ཀྱི་མིང་འདོགས་པ་དང་། ལས་ཁུངས22ལ2021ལོའི་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྟེན་གཞིའི་མིང་འདོགས་པ། གོ་ཆོད་དུས་ཡུན་ལོ་ལྔ་ཡིན་པ་བཅས་གཏན་འཁེལ་བྱས་པ་རེད། 

ཚོགས་འདུའི་ཐོག གསར་གཏོད་ལས་ཁུངས་སོ་སོས་ཆབ་མདོའི་མི་རིགས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལེགས་པོར་སྒྲུབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་གྱི་ལས་འགན་གྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། བྲེལ་འཚུབ་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྲུང་བྱ་རྒྱུ་དེ་གཙོ་ཐིག་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་སྒུས་གསར་གཏོད་བྱེད་པ། “གནས་དང་ངོས་བར་གྱི་འབྲེལ་བ”དང“དེང་སྐབས་དང་རྒྱང་རིང་གི་འབྲེལ་བ”“སྲིད་གཞུང་གི་གཙོ་ཁྲིད་དང་མང་ཚོགས་ཀྱི་བྱེད་པོའི་འབྲེལ་བ”ཐག་གཅོད་ཡང་དག་བྱས་ནས། དཔེ་བཟང་ཁུལ་གསར་གཏོད་ལས་དོན་གྱི་ནུས་པ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན། 

ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ཆེད་དོན་ཚན་ཆུང་གིས་སྔ་རྗེས་སུ་ཐེངས3ལ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། དུས་མཚམས་རང་བཞིན་གྱི་ལས་དོན་ལ་སྤྱི་བསྡོམས་བྱས་པ་དང་། དོན་དངོས་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་པ། ཇུས་གཞི་དང་བྱེད་ཐབས་འགའ་ཤས་བཟོས་ནས་ལག་བསྟར་བྱས་པ། ཆབ་མདོ་གྲོང་ཁྱེར་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་གཙོ་གནད་ལས་འགན22དབྱེ་ཕྲལ་དོན་འཁྱོལ་བཅས་བྱས་ཏེ། དཔེ་བཟང་ཁུལ་གཏོད་པའི་ལས་དོན་གྱི་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ། 2017ལོ་ནས2021ལོའི་བར། ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་། དཔེ་བཟང་རྫོང(ཆུས)། དཔེ་བཟང་ལས་ཁུངས1296གཏོད་པ་རེད། ད་ལོར་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ལ་སྐོར་བཅུ་བའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)དང་དཔེ་སྟོན་ལས་ཁུངས24འོས་སྦྱོར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།