ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་སྡོད་ལས་བྱེད་པ་དང་གྲོང་གསེབ་ཀྱི་ལས་བྱེད་པ་སོགས་ལ་བརྟེན་ནས། ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ་དང་སློབ་ཁང་ཆུང་གྲས་སོགས་གཞི་རྟེན་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། དམངས་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་བཏོད་པའི”རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བཏོད་ཡོད།

བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་སློབ་གསོའི་ཕན་འབྲས་ཆེ་རུ་བཏང་བ།

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གཞི་རིམ་དང་འཐབ་ས་དང་པོར་དམ་པོར་དམིགས་ནས་གསོ་སྦྱོང་བྱེད་རྒྱ་ཆེ་རུ་དང་། ཞིབ་ཚགས་སུ། གཏིང་ཟབ་ཏུ་བཅས་ཏན་ཏིག་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་མི་སོགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ནས། དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་མཐིལ་རྟོགས་བརྟག་ཞིབ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པ་ཏང་ཡོན་གྱི་ལོ་ཚད་དང་། རིག་གནས་ཆུ་ཚད། གསོ་སྦྱོང་གི་དགོས་མཁོ་སོགས་མཐིལ་རྟོགས་བྱས་པ་རེད། མིག་སྔའི་བར་མཚན་མོའི་སློབ་གྲྭའི་ཟུར་ཁྲིད་དང་ཆ་སྒྲིག་སློབ་རོགས་སོགས་ཀྱི་བྱེད་ཐབས་བརྒྱུད“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་3166ཡོད་པར་ཆ་སྒྲིག་སློབ་སྐྱོར་ཐེངས་5000བྱས་པ་རེད།

མིག་སྔའི་བར། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཀློག་དེབ》དང་སྐད་གདངས་སློབ་དེབ་3200སྤྲད་པས་གྲོང་ཚོའི་ལས་བྱེད་པ་ཚང་མར་དེབ་རེ་ཡོད། དེ་དང་ཆབས་ཅིག་འཛིན་གྲྭ་དམའ་འབྲིང་མཐོ་བཅས་རིམ་པ་གསུམ་ལ་གཞིཌ་ནས། གྲོང་ཁྱེར་རིམ་པའི་གཙོ་གནད་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་བཞི་དང་གྲོང་ཚོའི(སྡེ་ཁུལ)རྐང་འཛིན་གྱི་ལྗོངས་ཕྱིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་5གཉེར་བ། རྫོང(ཆུས)ཁག་གིས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་28གཉེར་བ། ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་གིས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་216གཉེར་བ། གྲོང་ཚོ(སྡེ་ཁུལ)ཁག་གིས་གཅིག་སྡུད་གསོ་སྦྱོང་ཐེངས་5850བཅས་བྱས་ཡོད།

གསར་བརྗེས་སྣེ་ཁྲིད་ཀྱིས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བ།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཚུན། ཆུ་གསུམ་རྫོང་གིས་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་། ཏང་ཡོན་གྱི་སྤྱོད་བཟང་སྐྱེད་སྲིང་། མི་རིགས་ཀྱི་ཁྲག་རྒྱུན་མཉམ་འདྲེས་བཅས་ཕྱོགས་གསུམ་གྱི་ཐད་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ཡོད།

གསར་བརྗེའི་གསུང་རབ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ཞིང་། ཆུ་གསུམ་རྫོང་གིས་གསར་བརྗེའི་གླུ་གཞས་གཏོང་བ་དང་། གསར་བརྗེའི་གློག་བརྙན་ལྟ་བ། གསར་བརྗེའི་གཏམ་རྒྱུད་བརྗོད་པ། གསར་བརྗེའི་སྦྱར་ཡིག་འབྲི་བ། གསར་བརྗེའི་སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་བསམ་པའི་འཚོ་བཅུད་གསབ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། མིག་སྔའི་བར་རྫོང་ཡོངས་སུ་གསར་བརྗེའི་གླུ་གཞས་ཁྱོན་82བཏང་བ་དང་། གསར་བརྗེའི་གློག་བརྙན་ཐེངས་18བལྟས་པ། གསར་བརྗེའི་སྙན་ངག་ཐེངས་34གྱེར་འདོན་བྱས་ཡོད།

དེ་དང་ཆབས་ཅིག་དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་ཡོན་གྱི་སྲོལ་བཟང་སྐྱེད་སྲིང་བྱས་ཤིང་། ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་ས་ཚིགས་དང་། གྲོང་ཚོ་ཨུ་ལྷན་གྱི་རླུང་འཕྲིན་ས་ཚིགས། སྐད་འཕྲིན་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་ནས་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱས་ཡོད། མིག་སྔའི་བར་རྒྱང་ཁྲིད་སློབ་གསོའི་སློབ་སྦྱོང་ཐེངས་46བྱས་པ་དང་རིགས་ཁག་གི་གསོ་སྦྱོང་ཐེངས་5བྱས་པ་རེད།

གཞན་ཡང་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཀྱི་ཁྲག་རྒྱུན་མཉམ་འདྲེས་ཐུབ་པར་བྱས་ཤིང་། གྲོང་ཚོས(སྡེ་ཁུལ)གཟའ་འཁོར་རེར་གྲོང་ཚོའི་ལས་བྱེད་པར་བྱ་དགའ་ཡོད་པའི་ཡི་གེ་ངོས་འཛིན་འགྲན་བསྡུར་བྱེད་སྒོ་ཐེངས་རེ་སྤེལ་བ་དང་། ཤང(གྲོང་རྡལ)གིས་ཟླ་རེར་གྲོང་ཚོའི་ལས་བྱེད་པར་བྱ་དགའ་ཡོད་པའི་སློབ་བརྩོན་འགྲན་བསྡུར་བྱེད་སྒོ་ཐེངས་རེ་སྤེལ་བ། རྫོང་གིས་དུས་ཚིགས་རེར་གྲོང་ཚོའི་ལས་བྱེད་པར་བྱ་དགའ་ཡོད་པའི“ངོས་འཛིན་དང་། ཡིག་སྒྱུར། འཆད་འགྲེལ”འགྲན་བསྡུར་བྱེད་སྒོ་ཐེངས་རེ་སྤེལ་བ། ལོ་མཇུག་ཏུ་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་འགྲན་བསྡུར་བྱེད་སྒོ་ཐེངས་རེ་སྤེལ་ནས“འགྲན་སློབ་སྙེག་བརྒལ”གྱི་སྦྱངས་པ་གོ་ཆོད་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། མིག་སྔའི་བར་ཆུ་གསུམ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་ནུས་པའི་འགྲན་བསྡུར་བྱེད་སྒོ་ཐེངས་5སྤེལ་བ་དང་། གྲོང་ཚོ(སྡེ་ཁུལ)ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་ནུས་པའི་ངོས་འཛིན་འགྲན་བསྡུར་བྱེད་སྒོ་ཐེངས་15སྤེལ་བ་རེད།

“ཆུང་གྲས་དྲུག་དང་སློབ་སྦྱོང་དྲུག”ལ་བརྟེན་ནས་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་པ།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཚུན། ཟངས་རི་རྫོང་གིས་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ཆུང་གྲས་དྲུག་དང་སློབ་སྦྱོང་དྲུག”གི་སློབ་ཁང་བཙུགས་པ་བརྒྱུད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས་ཞིག་འཕྱུར་ཡོད།

ཟངས་རི་རྫོང་གིས་མཚན་མོའི་སློབ་གྲྭ་ཆུང་གྲས་བཙུགས་ནས་མཉམ་དུ་སློབ་སྦྱོང་བྱས་པ་བརྒྱུད། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། གྲོང་དཔོན་སློབ་གྲྭ་ཆེ་མོ་བ་བཅས་སློབ་ཁྲིད་བྱ་ཡུལ་དུ་བྱས་ཏེ་གྲོང་ཚོའི་ལས་བྱེད་པ་དང་། རྗེས་གྲབས་ལས་བྱེད་པ། ཏང་ཡོན་མང་ཚོགས་བཅས་སྒྲིག་འཛུགས་བྱས་ནས་གཟའ་འཁོར་རེར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཆུ་ཚོད་2བྱེད་ཀྱི་ཡོད་པ་རེད། ཟུར་ཁྲིད་ཆུང་གྲས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་ཁྲིད་བྱས་ཤིང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་མང་ཚོགས་བཅས་དབར“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་ཆ་སྒྲིག་བྱ་ཡུལ་510ཡོད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མིའི་ཆ་སྒྲིག་སློབ་རོགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།