ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གློག་དྲ་བོད་ལྗོངས་དཔལ་འབྱོར་ལག་རྩལ་ཞིབ་འཇུག་ཁང་གིས་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་དཔལ་འབྱོར་ལག་རྩལ་ཞིབ་འཇུག་ཁང་གིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ། ལྷུན་གྲུབ་ཞིང་རར་བསྐྱོད་ནས“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་གསར་བརྗེའི་སྙིང་སྟོབས་ཀྱི་ཞུན་བརྡར་དང་ལེན་བྱེད”པ་བརྗོད་དོན་གཙོ་བོར་བྱས་པའི་སྤྱོད་གཙང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་ཚང་མས་འགྲེལ་བཤད་རྒྱག་མཁན་དང་མཉམ་དུ་ལྷུན་གྲུབ་ཞིང་རའི་བཤམས་སྟོན་ཁང་དུ་བསྐྱོད་དེ། དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་རྒན་རབས་པ་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་ཉན་པ་དང་། ཁོང་རྣམ་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་ཚུལ་ཤེས་རྟོགས་བྱས་པ་རེད། དེ་རྗེས《ལྷུན་གྲུབ་ཞིང་རའི་སྐོར་གྱི་དངོས་མཚོན་གློག་བརྙན》བལྟས་པ་བརྒྱུད་ཚང་མར་རྒན་རབས་པ་ཚོའི“སྡུག་བསྲན་ཁྱད་པར་ཐེག་པ། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

བྱེད་སྒོ་ཚར་རྗེས་ཏང་ཡོན་ལས་བྱེད་པ་ཚང་མས་ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་གསར་བརྗེའི་སྔོན་བྱོན་པ་རྣམས་ལ་སློབ་སྦྱོང་དང་། ལོ་རྒྱུས་སློབ་སྦྱོང་དང་ཏང་ལ་དགའ་ཞེན། འགན་འཁྲི་ལག་བསྟར། སྤྱོད་གཙང་རང་འདོམས། ལས་ཀ་བྱེད་སྐབས་དཀའ་ངལ་ལ་མི་སྐྲག་པ། ལས་འགན་སྒྲུབ་སྐབས་སྡུག་ཡུས་མི་ཤོད་པ། ཁེ་ཕན་ལ་འདོད་རྔམ་མི་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཡི་ཡིན་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།