ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཨུད་ཀྱི་ཏང་འཛུགས་སྐྱོང(གཞི་རིམ་རྩ་འཛུགས་འཛུགས་སྐྱོང)ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2022ལོའི་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། ཏང་འཛུགས་སྐྱོང་ལས་དོན་དང་གཙོ་གནད་ལས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ། གཞི་རིམ་རྩ་འཛུགས་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་དང་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དང་གནད་དོན་ལ་ཞིབ་འཇུག་གིས་སློབ་སྦྱོང་བྱེད་པ། སློབ་སྦྱོང་དངོས་འབྲེལ་བྱས་ཏེ་སྤྱོད་ཤེས་པ་དང་ཡག་པོ་སྤྱོད་པ། སྤྱོད་མཁས་པོ་བྱེད་པ་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།