ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོ་ནི་རང་རྒྱལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ལོ་ངོ་70འཁོར་བའི་ལོ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་དེ་སྔའི་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ཐང་ཆེན་དུ“ཤེས་དཔལ་བདེ་ཐང་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བདེ་ཐང་དྲིལ་བསྒྲགས་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་དུ་སྨན་དོན་མི་སྣས་མང་ཚོགས་ལ་སྤྱིར་བཏང་གི་གཟུགས་པོ་བརྟག་དཔྱད་དང་ཁྲག་ཤེད་འཇལ་བ་སོགས་ཀྱི་རྨང་གཞིའི་བརྟག་དཔྱད་བྱས་པ་དང་། བདེ་ཐང་བློ་འདྲི་དང་སྨན་སྤྱོད་མཛུབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུས་ཤིང་། བདེ་ཐང་གི་བློ་འདྲི་བྱེད་པར་ཡོང་མཁན་མང་ཚོགས་ཚང་མར་ངང་རྒྱུད་རིང་པོས་སྣེ་ལེན་ཞུས་ཁར། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དྲིལ་བསྒྲགས་དང་། གྲོང་མིའི་བདེ་ཐང་འདུ་ཤེས་དང་རང་ངོས་ཀྱི་བདེ་སྲུང་འདུ་ཤེས་ཟབ་ཏུ་བཏང་བ་བཅས་བྱས་པས། བྱེད་སྒོ་སྤེལ་ཡུལ་གྱི་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོས་ཁྱོན་མང་ཚོགས་200ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། རིགས་ཁག་གི་བདེ་ཐང་གི་དྲིལ་བསྒྲགས་དཔྱད་ཡིག་150ལྷག་ཙམ་སྤྲད་པ། སྒོར་2500རི་བའི་སྨན་རྫས་རིན་མེད་སྤྲད་པ་རེད།

ད་ཐེངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བདེ་ཐང་དྲིལ་བསྒྲགས་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་རྣམས་རྒྱལ་གཅེས་འཕྲོད་བསྟེན་བྱེད་སྒོར་ཧུར་ཐག་ཞུགས་ཐུབ་པ་དང་། བདེ་ཐང་འཕྲོད་བསྟེན་གྱི་ཤེས་བྱ་སྔར་བས་ཁྱབ་འདལ་གཏོང་བ། བདེ་ཐང་དང་ཤེལ་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཤེས་དཔལ་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་མི་སྒེར་གྱི་འགན་འཁྲི་ཨང་དང་པོ་ཏན་ཏིག་སྒྲུབ་པ། རིམས་ནད་ཐོན་རིང་ཆགས་པའི་བྱེད་ཐབས་བཟང་པོ་དང་གོམས་གཤིས་བཟང་པོ་ཡུན་རིང་མཐའ་འཁྱོངས་ཐུབ་པ་བཅས་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།