པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ནོར་ནག་གསོ་སྤེལ་རྟེན་གཞིའི་ཟུར་ཞིག་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་ནི་ལྷུན་གྲུབ་རྫོང་གསུམ་འཕྲང་ཤང་གསུམ་འཕྲང་གྲོང་ཚོར་གནས་ཤིང་། ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྲུན་བྱས་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.5བཏང་ནས2019ལོར་དངོས་སུ་གཉེར་སྐྱོང་བྱེད་མགོ་ཚུགས་པ་རེད།
པར་འདི་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ནོར་ནག་རེད།
“རྟེན་གཞིའི་ལས་དོན་གཙོ་བོ་ནི་ནོར་ནག་གི་ཁྱུ་ཚོགས་སྐྱེ་འཕེལ་དང་བཤས་གཏོང་དུས་འཁོར་ཇེ་ཐུང་དུ་གཏོང་རྒྱུ་དེ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་རྫོང་དཔོན་གཞོན་པ་ཀྲུའུ་ཡན་པིན་གྱིས་བཤད། ཉེ་བའི་ལོ་འགའི་རིང་། རྟེན་གཞིས་ས་གནས་དེ་གའི་སློབ་ཆེན་མཐར་ཕྱིན་སློབ་མ16ལས་ཞུགས་དང་རོང་འབྲོག་མང་ཚོགས39ལས་ཞུགས་སྤོ་སྒྱུར་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
པར་འདི་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ནོར་ནག་གསོ་སྤེལ་རྟེན་གཞིར་པར་བླངས་པའི་ནོར་ནག་རེད།
“མཐོ་སྒང་གི་གྲུ་གཟིངས”ཞེས་འབོད་པའི་ནོར་ནག་གི་ལུས་ཧྲིལ་བོ་ནོར་བུ་ཡིན། ནོར་ནག་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་བྱས་པས་མང་ཚོགས་སྔར་བས་མང་པོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ལྷུན་གྲུབ་རྫོང་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་ཡོད་ཅིང་། བསྡོམས་པས་རྨོ་ཞིང་མུའུ་ཁྲི23དང་རང་བྱུང་རྩྭ་ར་མུའུ་ཁྲི505ཡོད་པས། དེ་ནི་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་དང་པོ་དང་ཕྱུགས་ལས་གཉེར་སྐྱོང་བྱེད་པའི་རྫོང་ཆེན་གཉིས་པ་རེད། །
པར་འདི་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ནོར་ནག་གསོ་སྤེལ་རྟེན་གཞིར་པར་བླངས་པའི་ནོར་ནག་རེད།
པར་འདི་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ནོར་ནག་གསོ་སྤེལ་རྟེན་གཞིར་པར་བླངས་པའི་ནོར་ནག་རེད།
པར་འདི་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ནོར་ནག་རེད།
པར་འདི་ནི་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་གི་ལས་དོན་མི་སྣས་དུག་སེལ་བྱེད་བཞིན་པའི་རྣམ་པ་རེད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ལྷུན་གྲུབ་རྫོང་དུ“མཐོ་སྒང་གི་གྲུ་གཟིངས”འབབ་འཕར་གཅེས་ནོར་དུ་གྱུར་ཡོད།