ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁའི་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་དུས་ཐེངས་གཉིས་པའི་གནས་སྤོར་ལས་དོན་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4515796085883550536_404258565742653440.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་རང་སྐྱོང་ལྗོངས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་ནས་ཤེས་གསལ་ལྟར་ན། ལྷོ་ཁའི་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་དུས་ཐེངས་གཉིས་པའི་གནས་སྤོའི་ལས་དོན་ཟླ6པའི་ཚེས25ཉིན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་ཤིང་། ནག་ཆུ་གྲོང་ཁྱེར་གྱི་དུད་ཚང6306གི་མི26304གནས་སྤོར་བྱ་རྩིས་ཡོད། ཐེངས་འདིར་དུད་ཚང6306གི་མི13569སྤོ་རྒྱུ་ཡིན་ལ། དེའི་ནང་ཉི་མ་རྫོང་ནས་དུད་ཚང1368ཀྱི་མི4105དང་། མཚོ་གཉིས་རྫོང་ནས་དུད་ཚང2396གི་མི4442། ཨ་མདོ་རྫོང་ནས་དུད་ཚང2542ཀྱི་མི5022བཅས་སྤོ་རྩིས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གནས་སྤོའི་ལས་དོན་གཙོ་བོ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ12ཀྱི་སྲིད་འཛིན་གྲོང་ཚོ58དང་འབྲེལ་བ་ཡོད་ཅིང་། རྫོང་རེ་གནས་སྤོར་གཙོ་གཞིར་འཛིན་པ་དང་ཤང་སྡེ་ཚན་དུ་བྱེད་པའི་བྱ་ཐབས་སྤྱད་དེ། ཟླ6པའི་ཚེས25ཉིན་ནས་ཟླ8པའི་ཚེས11ཉིན་བར་ཁག་བགོས་ལག་བསྟར་བྱ་རྒྱུ་དང་། སྐབས་དེ་དུས་དངོས་སུ་འབྱོར་བའི་མི17555ཟིན་རྒྱུ་ཡིན་པ་དང་། དེའི་ནང་མང་ཚོགས13569དང་ལས་དོན་མི་སྣ3986ཡོད། འབྲོག་ཁུལ་དུ་ལས་བྲེལ་ཆེ་བའི་ནམ་དུས་ཡིན་པའི་རྐྱེན་གྱིས་གནས་སྤོར་མང་ཚོགས་སྐོར་གཅིག་གིས་མུ་མཐུད་གཞིས་སྲུང་བྱས་ནས་ཕྱུགས་ལས་ཐོན་སྐྱེད་བྱ་རྒྱུ་རེད།

未命名_副本.jpg

སྲིན་པོ་རིའི་དུས་ཐེངས་གཉིས་པའི་གནས་སྤོར་བཀོད་སྒྲིག་ལས་དོན་ལེགས་པོར་སྒྲུབ་ནས། གནས་སྤོར་བཀོད་སྒྲིག་ལས་དོན་བདེ་འཇགས་དང་། བདེ་བླག གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པར་འགན་ལེན་ཏན་ཏིག་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་གནས་སྤོར་ལས་དོན་ཁྲོད་ཀྱི་ལྷུ་ཚིགས་རེ་རེར་བསམ་གཞིགས་གང་ལེགས་བྱས་ནས་གནས་སྤོར་བཀོད་སྒྲིག་གི་ལས་དོན་ཁག་ལེགས་པོར་སྒྲུབ་པ་རེད། མིག་སྔའི་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་གནས་སྤོར་བཀོད་སྒྲིག་གི་ཇུས་གཞི་བཟོ་བཅོས་འཐུས་ཚང་དུ་བཏང་བ་མ་ཟད། རང་སྐྱོང་ལྗོངས་ཀྱི་གནས་སྤོར་གཞུང་དོན་ཁང་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་ཡོད། གྲོང་ཁྱེར་རིམ་པའི་གཞུང་ལམ་བདེ་བགྲོད་འགན་ལེན་དང་། བདེ་འཇགས་འགན་ལེན། རིམས་ནད་འགོག་སྡོམ། སྨན་བཅོས་རོགས་སྐྱོབ་སོགས་ཇུས་གཞི་དང་འཕྲལ་བསྟུན་སྔོན་ཇུས་ཀྱི་འཆར་ཟིན་འགོག་པའི་ལས་དོན་ལེགས་འགྲུབ་བྱུང་ཡོད། རྫོང་རིམ་པའི་གནས་སྤོར་ལག་བསྟར་གྱི་ཞིབ་ཕྲའི་ཇུས་གཞི་དང་འབྲེལ་ཡོད་སྔོན་ཇུས་ཀྱི་འཆར་ཟིན་ཐོག་མ་ལེགས་འགྲུབ་བྱས་ཏེ། རྫོང་སོ་སོའི་གནས་སྤོར་མང་ཚོགས་ཀྱི་བསམ་བློར་སྐུལ་སློང་སོགས་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་ཡོད། སྔོན་སྐྱོད་ལས་བྱེད་པ་209ཟླ6པའི་ཚེས25ཉིན་དངོས་སུ་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་ནས་མང་ཚོགས་ཀྱི་བཀོད་སྒྲིག་སྡོད་ཁང་གི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས། འབྲེལ་ཡོད་གནད་དོན་ལྷོ་ཁ་གྲོང་ཁྱེར་དུ་ལན་སློག་བྱས་ནས་དག་ཐེར་བྱས་པ་དང་ཆབས་ཅིག གོང་དཀར་རྫོང་དང་མཐུན་སྦྱོར་བྱས་ནས་བཀོད་སྒྲིག་བྱ་ཡུལ་ཉེ་འགྲམ་གྱི་ཚོང་ཁང་དུ་ཟས་རིགས་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་བ་རེད། 

ལྷོ་ཁ་གྲོང་ཁྱེར་གྱིས་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་དང་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་ཁག་ལའང་སྐུལ་འདེད་མགྱོགས་མྱུར་བཏང་། སྡོད་ཁང་དང་ཆུ་མཁོ་འདོན། གློག་ཤར་གཏོང་། འགྲིམ་འགྲུལ་བཅས་ཀྱི་ལས་དོན་ལེགས་འགྲུབ་བྱུང་བ་དང་། སློབ་གྲྭ་དང་སྨན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད། འཕྲལ་བསྟུན་དང་རྒྱབ་ཕྱོགས་མཁོ་སྒྲུབ། སྨན་བཅོས་སོགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་གནས་སྤོར་བའི་ཉིན་དེར་དགའ་བསུ་ཞུ་བའི་འཁྲབ་སྟོན་བྱས་ཏེ་གནས་སྤོར་ལས་དོན་ལ་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།