ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀུན་སྤྱོད་ལ་བརྟེན་ནས་ཕྲུ་གུའི་སེམས་ཀྱི་ཞིང་ས་བརླན་པར་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཤན་རྩ་རྫོང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས། དོན་འཁྱོལ་ཞིབ་ཚགས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། བསམ་བློའི་རྨང་གཞི་དང་རིན་ཐང་ལྟ་བའི་རྨང་གཞི་བརྟན་དུ་བཏང་ནས་གཞོན་ནུ་ལོ་ཆུང་གི་མི་ཚེའི“གོམ་པ་དང་པོ”ཡག་པོ་སྤོ་རོགས་བྱས་པ་རེད།

ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་བསམ་བློའི་གཡུལ་ས་བརྟན་དུ་བཏང་བ།

ཤན་རྩ་རྫོང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་འགག་རྩའི་སློབ་ཚན་ལ་བརྩིས་ཏེ། བྱེད་པོའི་འགན་འཁྲི་ཟམ་མི་ཆད་པར་ཏན་ཏིག་འཁུར་ནས་རྫོང་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གྲྭའི་འཕེལ་རྒྱས་ཀྱི་རྩ་བར་བརྩི་བ་དང་། བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་འཕེལ་རྒྱས་ཀྱི་བླ་སྲོག་གཏོད་པ་དང་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་མཉམ་དུ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

ཤན་རྩ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་ཏང་ཀྲི་པུས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་གསོ་སྦྱོང་དང་། བསམ་བློ་ཆབ་སྲིད་ཀྱི་གཅིག་སྡུད་སློབ་སྦྱོང་། སློབ་དཔྱོད་བྱེད་སྒོ་སོགས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ནང་མཉམ་འདྲེས་བྱས་ནས་ཚོགས་ཆུང་མཉམ་ལས་སློབ་སྦྱོང་དང་། གཅིག་གཏད་གཅིག་གིས་སློབ་སྦྱོང་ལ་རོགས་སྐྱོར། བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཁྲིད་ཀྱི་གྲོས་བསྡུར་ཆེ་མོ། ཏང་གི་ལོ་རྒྱུས་སློབ་གསོའི་འགྲན་བསྡུར་སློབ་ཚན། ཏང་གི་ལོ་རྒྱུས་དང་སྙན་ངག་གྱེར་འདོན་སོགས་ཀྱི་སློབ་སྦྱོང་བྱེད་སྒོ་ཁྱབ་གདལ་བཏང་བ་རེད།

ཤན་རྩ་རྫོང་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོའི་ཆེད་ལས་དགེ་རྒན་པ་སངས་སྒྲོལ་མས“དགེ་རྒན་ཞིག་གི་ངོས་ནས་ཆེད་ལས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་དགོས་པ་མ་ཟད། མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པ་བརྒྱུད་ངས་དགེ་རྒན་གྱི་ལས་རིགས་དེར་ངོས་འཛིན་དེ་བས་ཟབ་པ་ཞིག་བྱུང་། ལྷག་པར་དུ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ངས་རང་ཉིད་ལ་བླང་བྱ་དེ་བས་ནན་པོ་བཏོན་ནས་སློབ་མ་ཚོར་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཡག་པོ་འཁྲིད་ཀྱི་ཡིན”ཞེས་བཤད།

“སློབ་གྲྭ་རེར་སྤུས་རྟགས་རེར”བརྟེན་ནས་ལག་ལེན་ཁྲོད་ཀུན་སྤྱོད་བཟང་པོ་འཇགས་པར་བྱེད་པ།

ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་སློབ་གསོ་ཅུས་ཀྱིས་སློབ་གྲྭ་ཁག་གི“སློབ་གྲྭ་རེར་སྤུས་རྟགས་རེའི”ཀུན་སྤྱོད་སློབ་གསོའི་ལས་དོན་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། སློབ་གྲྭས་རང་རང་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་དེའི་ཀུན་སྤྱོད་སློབ་གསོའི་ཁྱད་ཆོས་དང་སློབ་གྲྭའི་སྤུས་རྟགས་བཏོད་པ་རེད།

དགོང་མོའི་ཆུ་ཚོད་7པར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《གསར་འགྱུར་མཉམ་བསྒྲགས》ལེ་ཚན་གྱི་གཞས་དེ་ཤན་རྩ་རྫོང་ཆ་ཚང་སློབ་ཆུང་གཉིས་པར་གྲགས། 2020ལོའི་ཟླ་བརྒྱད་པར“གསར་འགྱུར་མཉམ་བསྒྲགས་སློབ་གྲྭར་ཁྱབ་པའི”བྱེད་སྒོ་དེ་ཤན་རྩ་རྫོང་ཆ་ཚང་སློབ་ཆུང་གཉིས་པར་དངོས་སུ་སྤེལ་འགོ་ཚུགས་པ་རེད། 《གསར་འགྱུར་མཉམ་བསྒྲགས》དེ་དངོས་གཞིའི་སློབ་ཚན་ཞིག་ཡིན་པའི་ངོས་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་དོ་དམ་ནང་བཅུག་པ་རེད།

2017ལོ་ནས་བཟུང་། གཞུང་སྨད་གྲོང་རྡལ་ཆ་ཚང་སློབ་ཆུང་གིས་སྲི་ཞུ་སྒྲུབ་སྟངས་ཀྱི་སློབ་གསོ་དེ་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྲི་ཞུ་སྒྲུབ་སྟངས་ཀྱི་རིག་གནས་སློབ་ཚན་ཆེད་མངགས་བཀོད་སྒྲིག་བྱས་ཏེ་སྲི་ཞུ་སྒྲུབ་སྟངས་ཀྱི་དྲིན་ཚོར་སློབ་གསོའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སློབ་མའི་དྲིན་ཚོར་གྱི་བསམ་པ་དང་། འགན་འཁྲིའི་བསམ་པ། རྒྱལ་གཅེས་ཀྱི་བསམ་པ་བཅས་གསོ་སྐྱོང་བྱས་པ་རེད། ལོ་ཤས་རིང་གི་ལག་ལེན་བརྒྱུད། ཕ་མའི་དྲིན་དང་། དགེ་རྒན་གྱི་དྲིན། སྤྱི་ཚོགས་ཀྱི་དྲིན། མེས་རྒྱལ་གྱི་དྲིན་བཅས་ཚོར་དགོས་པ་དེ་དགེ་སློབ་ཚོའི་སེམས་ནང་བརྟན་པོར་ངེས་ཡོད།

རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་བླ་སྲོག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་དང་ཐོག་སློབ་མའི་རྒྱལ་གཅེས་བརྩེ་སེམས་སྐྱེད་སྲིང་བྱེད་དགོས། ས་བབ་མཐོ་ཚད་སྨི་4870ཟིན་པའི་ཐར་མ་ཤང་སློབ་ཆུང་དུ“རྒྱལ་གླུ་བཏང་མ་ཐག་དགེ་སློབ་ཚོས་འཕྲལ་མར་རྒྱལ་དར་ལ་ཁ་གཏད་ནས་ཞྭ་མོ་ཕུད་དེ་གུས་འདུད་ཞུ་བ”དང“ལྟོ་ཆས་མ་ཟས་གོང་རྒྱལ་གཅེས་གླུ་དབྱངས་ལེན་པའི”བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

གཞི་རྟེན་རྒྱ་ཆེར་བཏང་ནས་ཀུན་སྤྱོད་སློབ་གསོའི་རམ་འདེགས་རོལ་དབྱངས་ཡག་པོ་དཀྲོལ་བ།

ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་གིས་ཀུན་སྤྱོད་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྣང་ཆེན་བྱས་ནས། ཀུན་སྤྱོད་སློབ་གསོའི་སློབ་ཁང་ཆེ་མོ་བསྐྲུན་པ་དང་སློབ་གྲྭའི་ཕྱི་ནང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།

ཤན་རྩ་རྫོང་སློབ་འབྲིང་དུ་སྐྱོད་སྐབས་ལོ་རིམ་བདུན་པའི་སློབ་མ་རྣམས་ཆབ་སྲིད་སློབ་ཚན་འཚོགས་བཞིན་འདུག

ཤན་རྩ་རྫོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དགྲ་འདུལ་གྱིས་དགེ་སློབ་490ལྷག་ཙམ་ལ་བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད། དགྲ་འདུལ་གྱིས་རང་ངོས་ཀྱི་ཉམས་མྱོང་དང་འབྲེལ་ཡོད་དཔྱད་ཡིག་དང་ཟུང་འབྲེལ་བྱས་ནས་སློབ་མ་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་དོན་སྙིང་ཟབ་མོ་བརྗོད་པས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི་སྙིང་སྟོབས་ལ་སློབ་མ་ཚོ་སེམས་འགུལ་ཚད་མེད་ཐེབས་ཡོད།

“ང་ཚོའི་སློབ་གྲྭས་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་ཐབས་ལམ་གཙོ་བོ་དེ་ཡག་པོ་སྤྱོད་པར་མཐོང་ཆེན་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་གཞི་རྟེན་རྒྱ་ཆེར་གཏོང་བ། བསམ་བློ་ཆབ་སྲིད་སློབ་གསོའི་མཉམ་འདྲེས་ནུས་པ་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། ཟུར་ཚད་མི་འདྲ་བ་དང་ཕྱོགས་མི་འདྲ་བའི་ཐོག་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་ཕྲུ་གུ་འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱེད་ཀྱི་ཡོད”ཅེས་ཤན་རྩ་རྫོང་སློབ་འབྲིང་གི་སློབ་སྤྱི་སྐལ་བཟང་གཡུ་སྒྲོན་གྱིས་བཤད།

གཞུང་སྨད་གྲོང་རྡལ་ཆ་ཚང་སློབ་ཆུང་གིས་ངལ་རྩོལ་ལག་ལེན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཁྱིམ་ཚང་འཚོ་བའི་ཁྲོད་ཕྲུ་གུར་ནང་ལས་བྱེད་པའི་གོ་སྐབས་བསྐྲུན་ནས་ཕྲུ་གུར་ནང་ལས་སྣ་ཚོགས་ཤེས་སུ་འཇུག་པ་མ་ཟད། ངལ་རྩོལ་ལག་ལེན་ཁྲོད་ནང་མིའི་དཀའ་སྤྱད་མྱོང་ཚོར་དང་ཁྱིམ་ཚང་གི་འགན་འཁྲི་འཁུར་ཏེ་ནང་ལས་བྱེད་རིང་ངལ་རྩོལ་གྱི་དཀའ་ཚེགས་དང་སྤྲོ་སྣང་ཉམས་ལེན་ཐུབ་པར་བྱས་པ་དང་འབྲེལ་ངལ་རྩོལ་གོམས་གཤིས་སུ་འགྱུར་བར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།