ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲི་ཡིས་ཤ་མོ་འདེབས་འཛུགས་བྱས་པར་ལོ་ལེགས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་ཞིང་བ་རྣམས་ཀྱིས་ཤ་མོ་བཏོག་པའི་ལས་ལ་བྲེལ་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རི་མཐོའི་གྲོག་རོང་གི་ས་དབྱིབས་དང་། ས་བབ་སྨི1530ཟིན་པ། དྲོད་ཚད་དམའ་ཞིང་བརླན་གཤེར་ཆེ་བ། ས་བཅུད་འཛོམས་ཤིང་བྱེ་ས་ཡིན་པ། བརླན་ཞུ་ནུས་བ་ལྡན་པ། སྐྱེ་དངོས་འཁོར་རྒྱུག་ཡག་པ། སྐྱེ་ལྡན་འདུས་ཚད་མཐོ་བ། གནའ་བོའི་རང་བྱུང་ཐོན་ཁུངས་ལྡན་པ་བཅས་ཀྱིས་བོད་ཤར་ལྷོའི་རྒྱུད་ཀྱི་བཟའ་བྱའི་ཤ་མོ་འདེབས་འཛུགས་རྟེན་གཞི་ལ་རང་བྱུང་ཁོར་ཡུག་ལེགས་པོ་བསྐྲུན་ཡོད།

དབྱར་ཟླ6པ་སླེབས་པའི་ཚུན། ཆར་ཆུ་རིམ་བཞིན་ཇེ་མང་དུ་སོང་བ་དང་འབྲེལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་མདའ་མོ་གྲོང་ཚོའི་ནགས་ཁྲོད་ཤ་མོའི་འདེབས་འཛུགས་རྟེན་གཞི་ཡིས་ལོ་ལེགས་ཀྱི་དུས་ཚིགས་བསུ་ནས། གྲོང་མི་ཚོ་མོག་རོ་དང་ཀོ་ཤ་འཐུ་བའི་ལས་ལ་བྲེལ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། ས་གནས་སྲིད་གཞུང་གིས་རང་བྱུང་ལེགས་ཆར་བརྟེན་ནས་འཚོལ་ཞིབ་ཧུར་ཐག་དང་དངོས་དོན་འཚོལ་ཞིབ་གཏིང་ཟབ་བྱས་པས། མདའ་མོ་གྲོང་ཚོའི་ནགས་ཁྲོད་བཟའ་བྱའི་ཤ་མོ་འདེབས་འཛུགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། 2019ལོར་ནགས་ཁྲོད་ཤ་མོ་ཚོད་འདེབས་བྱེད་མགོ་ཚུགས་པ་དང2021ལོའི་ལོ་མགོར་མངོན་གསལ་གྱིས་གཞི་ཁྱོན་ཅན་དུ་གྱུར་ཏེ། 2022ལོར་ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་ཏུ་ཆགས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།