ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་བྱེད་ཐབས38བཏོན་ནས་ཁྲོམ་ར་བརྟན་པོ་ཡོང་བ་དང་བརྟན་བརླིང་ངང་ལས་ཞུགས་ཐུབ་པར་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡༡༡༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས《〈དཔལ་འབྱོར་གྱི་ཀུན་འདུས་སྲིད་ཇུས་བྱེད་ཐབས〉ལག་བསྟར་དོན་འཁྱོལ་ཏན་ཏིག་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》(གཤམ་དུ《ལག་བསྟར་ཞིབ་སྲོལ》ཞེས་བསྡུ་རྒྱུ)གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་བསྟན་འཛིན་ལྷུན་གྲུབ་ཀྱིས《ལག་བསྟར་ཞིབ་སྲོལ》ལ་གསལ་འགྲེལ་ཞིབ་ཕྲ་བྱས།

ངོ་སྤྲོད་བྱས་པ་ལྟར་ན།《ལག་བསྟར་ཞིབ་སྲོལ》ནང་ནོར་སྲིད་སྲིད་ཇུས་དང་། དངུལ་རྩའི་སྲིད་ཇུས། མ་འཇོག་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་འགན་ལེན་སྲིད་ཇུས། ཐོན་ལས་ཕྲེང་འབྲེལ་གྱི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་འགན་ལེན་བྱེད་པའི་སྲིད་ཇུས། གཞི་རྩའི་དམངས་འཚོར་འགན་ལེན་བྱེད་པའི་སྲིད་ཇུས་སོགས་ཕྱོགས་དྲུག་གི་ཐད་ཀྱི་བྱེད་ཐབས38ཚུད་ཡོད།

སྲིད་ཇུས་གལ་ཆེན་ཐད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བྱེད་ཐབས33ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག བོད་ལྗོངས་ཀྱིས་ཁྲལ་འཕྲི་ཡོན་གཅོག་དང་། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བ། མ་གནས་ཇེ་དམའ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་མ་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཞིབ་ཚགས་སུ་ལག་བསྟར་བྱས་ཏེ། དཔལ་འབྱོར་བརྟན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

《ལག་བསྟར་ཞིབ་སྲོལ》ནང་མ་དངུལ་བསྡུ་སྒྲིལ་གྱི་ཉེན་ཁའི་ཁ་གསབ་ཐེབས་རྩ་འཛུགས་དགོས་པ་དང་། ཁེ་ལས་ཀྱིས་ལོ་འཁོར་དེ་མཐར་ཕྱིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་སྤྱོད་བྱེད་སྐབས། མི་རེར་སྒོར1500ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་སྤྲོད་རྒྱུ་མ་ཟད། སྔར་ཡོད་ཀྱི་བྱ་དགའི་སྲིད་ཇུས་མུ་མཐུད་ལོངས་སུ་སྤྱོད་རྒྱུ། རང་ས་གནས་སུ་ཡུལ་སྐོར་བྱེད་པའི་བྱ་འགུལ་སྤེལ་མགོ་ཚུགས་རྒྱུ་བཅས་བཏོན་ཡོད།

མ་དངུལ་གལ་ཆེན་འགན་ལེན་བྱེད་པའི་ཐད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་དུང་ཕྱུར105ཟིན་པའི་ཁྲལ་འཕྲི་ཡོན་གཅོག་དང་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། བོད་ལྗོངས་ཀྱིས་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་མང་པོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། མཁོ་སྤྲོད་ཕྱོགས་ནས་མ་དངུལ་སྒོར་དུང་ཕྱུར3གྱི་མ་དངུལ་བསྡུ་སྒྲིལ་གྱི་ཉེན་ཁའི་ཁ་གསབ་ཐེབས་རྩ་བཙུགས་ཏེ། ཐོན་ལས་ཕྲེང་འབྲེལ་གྱི་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་དང་བདེ་འཇགས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་། དགོས་མཁོའི་ཕྱོགས་ནས་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་འཁྲུག་ཆ་དོད་པོར་གཏོང་དགོས།《ལག་བསྟར་ཞིབ་སྲོལ》ནང་ཆ་རྐྱེན་འཛོམས་པའི་རྣམ་གྲངས་སྐོར་གཅིག་མགྱོགས་མྱུར་ངང་ལས་མགོ་བརྩམས་ཏེ་དངོས་པོའི་ལས་ཚད་གང་མགྱོགས་ཆགས་པར་བྱེད་དགོས་པ་ཁ་གསལ་བྱས་ཡོད། 

གཞན་ཡང་། སྲིད་ཇུས་དོན་འཁྱོལ་དང་ལག་བསྟར་བྱེད་པའི་ཐད། བོད་ལྗོངས་ཀྱིས་སྲིད་ཇུས་དོན་འཁྱོལ་ཕྱོགས་ཡོངས་ལ་ཁྱབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི“ཕྱོགས་མང་པོར་རྒྱུག་པ”དང་། “ཕྱོགས་མང་པོར་འདྲི་བའི”སྣང་ཚུལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། ཁྲོམ་རའི་བདག་གཉེར་བའི་དཀའ་གནད་སོགས་ལ་ཉན་ནས། ཁེ་ལས་ཀྱིས་ལན་སློག་པའི་གནད་དོན་རེ་རེ་གསལ་ཐོའི་རྣམ་པའི་ཐག་གཅོད་གནད་འཁེལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།