ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ལྷ་སའི་ས་གནས་ཡུལ་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་བྱ་འགུལ་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། 2022ལོའི་ལྷ་སའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར་བྱ་འགུལ་མགོ་ཚུགས་མཛད་སྒོ་ལྷ་ས་ནས་འཚོགས་ཤིང་། བྱ་འགུལ་ཁྲོད“ས་གནས་ཡུལ་སྐོར”གྱི་ལམ་ཐིག་མང་པོ་བཏོད་པ་དེས་ལམ་རྒྱུད་གྲོང་ཚོའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། བོད་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ལ། བོད་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར“ནང་ཁུལ་འཁོར་རྒྱུག”ཡོང་བར་སྐུལ་འདེད་བཏང་བ་མ་ཟད། ལྷ་སའི་ཁོངས་ཡོངས་ཡུལ་སྐོར་དང་དུས་ཚིགས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་ལོ་རིན་ཅའེ་ཡིས་ཤིས་ཚིག་ནང་དུ། མིག་སྔར་གྲོང་གསེབ་ཡུལ་སྐོར་རྨང་གཞི་བྱེད་པའི“ཡུལ་སྐོར་ཆུང་གྲས”དང“ས་གནས་ཡུལ་སྐོར”འཕེལ་རྒྱས་མྱུར་པོ་ཕྱིན་ནས་རིམ་བཞིན་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། གྲོང་ཁྱེར་མཐའ་འཁོར་གྱི་ཡུལ་སྐོར་དེ་མི་མང་པོ་ཞིག་གི་ཕྱིར་བསྐྱོད་ཀྱི་གདམ་གསེས་དང་པོ་རུ་གྱུར་ཡོད། ང་ཚོས་སྤུས་རྟགས་ཀྱི་ལམ་ཐིག་བཏོད་ནས་ཚང་མས་རང་རང་གི་སྒོ་འགྲམ་གྱི“སྙན་ངག་དང་རྒྱང་རིང”ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད་ཅེས་བཤད།

ངོ་སྤྲོད་ལྟར་ན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་དང་ཐོན་རྫས་རབ་དང་རིམ་པ་སྤེལ་བ་དང་། “གསར་བརྗེའི་ཡུལ་སྐོར”དང“བོད་ལྗོངས་པས་བོད་ལྗོངས་སུ་ཡུལ་སྐོར་བྱེད”སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་གཙོ་གནད་ཐོག་ཁྱབ་གདལ་བཏང་ནས“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་སྟེ། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

“ང་ཚོས‘ཁོངས་ཡོངས་ཡུལ་སྐོར’གྱི་འཕེལ་རྒྱས་འདུ་ཤེས་ཁྲིད་སྟོན་དུ་བྱས་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་ལ། འགྲིམ་འགྲུལ་དང་བཟའ་བཏུང་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་རིམ་སྤོར་དང་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་སྔར་ལས་ལེགས་པོ་ཡོང་བར་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཆིང་གིས་དེ་ལྟར་བཤད།

ཁོང་གིས་བོད་ལྗོངས་ཀྱིས་ཉེ་ཆར《ས་གནས་ཡུལ་སྐོར་བྱ་འགུལ་སྤེལ་ནས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཏོན་པ་དང་། ཡུལ་སྐོར་གྱི་འཛད་སྤྱོད་ཤོག་བྱང་དང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས“ས་གནས་ཡུལ་སྐོར”གྱི་གཟིགས་སྐྱོང་བྱ་དགའི་ཁ་གསབ་བྱ་ཐབས་ཁག12བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། བྱེད་ཐབས་དེ་དག་གིས་ལྷ་སའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བར་སྔར་ལས་སྐུལ་འདེད་ཐེབས་རྒྱུ་དང་ཡུལ་སྐོར་ཁྲོམ་རའི་ཡིད་ཆེས་ཆེ་རུ་འགྲོ་རྒྱུ། “ས་གནས་ཡུལ་སྐོར”གྱི་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་རྒྱུ་རེད་ཅེས་བཤད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།