ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ངོས་ཀྱི་ཆུ་འཐེན་རྣམ་གྲངས་ལས་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་འགན་ཁུར་བའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ངོས་ཀྱི་ཆུ་འཐེན(ལེ་ལག་ཚང་བའི་ཆུ་བེད)རྣམ་གྲངས་ལྷ་སའི་ལྷོ་རི་བྱང་རིའི་ཤན་ཁ་ཁུལ་དུ་ལས་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ཚུན། ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་སྤུས་ཚད་དང་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་དང་མཐུན་ལ་ནུས་ཆེའི་ངང་ས་འོག་ཆུའི་འཕྲུལ་ཁྲོན་དང་འབྲེལ་ཡོད་ཞོར་གཏོགས་ཆུ་བེད་ལས་གྲྭ་འཛུགས་སྐྲུན་སྒྲིག་འཛུགས་བྱས་པ་རེད། མིག་སྔའི་བར་ས་འོག་ཆུའི་ཆུ་བེད་ལས་གྲྭ་སྐྲུན་མཇུག་འགྲིལ་ཉེར་ཡོད་ཅིང་། ཇུས་འགོད་བྱས་པའི་ཆུ་གསོག་རྫིང་བུ་76ཟིན་པ་དང་རྫིང་བུ་74ལ་ཆུ་གསོག་ཆུ་འཐེན་གྱི་ཆ་རྐྱེན་འཛོམས་ཡོད་པ་རེད།

ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱི་ཅུས་ཀྲང་དབྱང་ཨན་ཝུན་གྱིས། ཅུས་ཁོངས་གཏོགས་ཀྱི་ཚན་པ་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་། དམིགས་ཚད་དང་ལས་འགན་གསལ་བཟོ། སྤྱི་འདོམས་འཆར་འགོད། འགན་འཁྲི་ནན་གཏོང་བཅས་བྱས་ཏེ་དུས་འགོའི་ས་འོག་ཆུའི་ཆུ་འཐེན་ལས་གྲྭའི་ཨར་པོའི་ཉམས་མྱོང་བསྡུ་ལེན་གང་ལེགས་བྱས་ནས། ས་ངོས་ཆུའི་ཆུ་འཐེན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཕན་འབྲས་དངོས་ཐོན་པར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།