ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ1ནས4པའི་བར་བོད་ལྗོངས་ལྷ་སའི་མཁའ་རླུང་ལེགས་ཚད100%སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220526341103330516.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཁ་ཕྱོགས་མི་འགྱུར་བ་དང་། ཤུགས་ཚད་ཉུང་དུ་མི་གཏོང་བ། དམིགས་འབེན་དམའ་རུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ལ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྒྲིག་དང་གནད་འཁེལ་ཤུགས་འདོན་ལ་དམ་པོར་དམིགས་ཏེ། ཁོར་ཡུག་སྦགས་བཙོག་འགོག་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། 

ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་ལེགས་ཚད100%ཟིན་ནས། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར168ཀྱི་ཁྲོད་ཨང་གཉིས་པར་སླེབས་ཡོད། 2022ལོའི་ཟླ1པོ་ནས4པའི་བར། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མ྇ཁའ་རླུང་ལེགས་ཚད100%ཟིན་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེེར168ཀྱི་ཁྲོད་ཨང་དང་པོར་སླེབས་ཡོད་ལ། ལྷ་ས་གྲོང་ཁྱེར་འདི་ཉིད་སྔར་བཞིན་རྒྱལ་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཆེས་ལེགས་པའི་ས་ཁུལ་ཁྲོད་ཀྱི་གྲས་ཤིག་ཡིན། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།