ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས“རྒྱལ་མཚམས་ཀྱི་སྤུ་གྲི2022”ཀྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་དུ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“རྒྱལ་མཚས་ཀྱི་སྤུ་གྲི་2022”ཀྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་ཏེ་དུག་རྫས་དང་། གོ་མཚོན་དང་རྫས་མདེལ། “ཕྱི་རྒྱལ་གྱི་ཟོག་སྙིགས”སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་དང་དེའི་ཐོན་རྫས་སོགས་ལྐོག་ཚོང་རྒྱག་པར་རྡུང་རྡེག་ཚ་ནན་བཏང་སྟེ། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་སྒོའི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། ཉེ་དུས་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལྐོག་ཚོང་གི་དོགས་གཞི་ཡོད་པའི་གྱོད་གཞི་4རྩད་ཆོད་པར་གྱོད་འབྲེལ་སྒོར་ཁྲི་202.73ཟིན་པ་དང་། དེའི་ཁྲོད་ཙན་དན་སྤྱི་རྒྱ་1000ལྷག་ཙམ་ཡོད་པ་རེད།

གོམ་སྟབས་རྗེས་མར་ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཀྲུང་དབྱང་གིས་དོ་ཁུར་དང་། སྤྱི་ཚོགས་ཀྱིས་དོ་སྣང་། མང་ཚོགས་ཀྱིས་སེམས་ཁུར་བཅས་བྱེད་པའི་ལྐོག་ཚོང་གི་གནད་དོན་ལ་མུ་མཐུད་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་བདེ་འཇགས་བཅས་ལ་གནོད་འཚེ་བཟོ་བའི་ལྐོག་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།