ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི“དཔེ་ཁུག”སྤྲད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆུ་ཚད་མཐོ་རུ་གཏོང་བའི་འགན་འཁྲི་ཡག་པོ་འཁུར་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི“དཔེ་ཁུག”སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

མཛད་སྒོར་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཨུད་ཏང་གི་སློབ་གྲྭ གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་རྩ་སྲ་རྨང་བརྟན་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་རྫོང་ཆུས་11གི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་འཐུས་མིར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི“དཔེ་ཁུག”སྤྲད་པ་རེད། “དཔེ་ཁུག”ནང་སློབ་ཆས་ཆ་ཚང་བ་དང་བསླབ་གཞིའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཚིག་མཛོད་དང་། སློབ་དེབ། སྦྱོང་དེབ་སོགས་ཁྱོན་8900ཙམ་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།