ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྙེ་མོ་རྫོང་གིས་ཞིང་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་བྱང་ངོགས་སུ་གནས་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ལ“བདུག་སྤོས་ཐོན་ཡུལ”ཞེས་པའི་མཚན་སྙན་ཡོད་པ་མ་ཟད། “ལྷ་སའི་ལག་ཤེས་བཟོ་ཁང”ཞེས་ཀྱང་འབོད་སྲོལ་ཡོད། དེ་ནི་བོད་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཡག་ཤོས་ཀྱི་རྫོང་གྲོང་གི་གྲས་ཤིག་ཡིན་ཞིང་། “སྙེ་མོའི་ལེགས་གྲས་གསུམ”ཞེས་སུ་གྲགས་པའི་སྙེ་མོའི་བོད་ཤོག་དང་། སྙེ་མོའི་སྤོས། ཕུ་གསུམ་རྐོ་དཀྲོལ་བཅས་ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་གཙོ་ཁྲིད་ཐོན་ལས་ལ་གྱུར་ནས་མང་ཚོགས་ལས་ཞུཌ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

2018ལོའི་ཟླ་8པར། སྙེ་མོ་རྫོང་དེ་རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་ཚོད་ལྟའི་ནང་ཚུད་པ་དང་། 2019ལོར། སྙེ་མོ་རྫོང་གིས་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་རེད།

སྙེ་མོ་རྫོང་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཚོམས་ཆེན་དུ་སྤོས་དང་། བོད་ཤོག་བཟོ་རྩལ་ཐོན་རྫས། རྔ། རྐོ་དཀྲོལ་སྒྱུ་རྩལ་ཐོན་རྫས། ནས་ཕྱེ། དྲི་ཞིམ་སྣུམ་སོགས་ཐུམ་སྒྲིལ་སྤུས་དག་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་གྲལ་འགྲིག་པོས་བཞག་ཡོད་པ་རེད།

ས་གནས་དེ་གའི་ཚོང་ཟོག་ཕྱིར་ཚོང་ཇི་ལྟར་བྱ་རྒྱུ་དེ་ནི་ཞིང་འབྲོག་མང་ཚོགས་འབབ་འཕར་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ནས་སྙེ་མོ་རྫོང་གི་སྲོལ་རྒྱུན་ཕྱིར་ཚོང་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད། སྙེ་མོ་རྫོང་གིས“སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁེ་ལས་ཀྱིས་ལས་གཉེར་བྱེད་པ། སྣེ་འདྲེན་གྱིས་སྐུལ་ཁྲིད་བྱེད་པ། ཐོན་ལས་ཕན་ཚུན་མཉམ་འདྲེས་བྱེད་པ། མང་ཚོགས་ཞུགས་པ། ས་ཁོངས་ཧྲིལ་པོར་ཇུས་འགོད་བྱེད་པ”བཅས་ཀྱི་དམིགས་ཡུལ་ལ་དམ་པོར་དམིགས་ནས“ལྟེ་བ་གཅིག་དང་མ་ལག་ཆེན་པོ་ལྔ”ལས་གྲུབ་པའི་དྲ་ཐོག་ཚོང་དོན་གྱི་ཕྱོཌ་བསྡུས་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་པ་དང་། དྲ་ཐོག་ཚོང་དོན་གྱི་དཔལ་འབྱོར་ཐོན་ལས་འཁོར་འབྲེལ་སྔར་བས་བཏོད་དེ་གྲོང་གསེབ་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱས་པ་རེད།

རྫོང་ཁོངས་ཀྱི་ཞིང་ལས་དམིགས་བསལ་ཐོན་རྫས་ཕྱིར་ཚོང་བྱ་ཆེད། སྙེ་མོ་རྫོང་གིས་ཐོན་ཚོང་འབྲེལ་མཐུད་ལ་དམ་འཛིན་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་རིམ་གསུམ་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཤང་དང་གྲོང་རྡལ་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་7དང་། སྲིད་འཛིན་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་དྲ་ཚུགས་18འཛུགས་པ་དང་ལས་གཉེར་བཅས་བྱས་པ་བརྒྱུད། ཞིང་ལས་ཐོན་རྫས་འཕར་སྣོན་དང་བཟོ་ལས་ཐོན་རྫས་ཆག་པའི“མཐའ་མའི་འགག་གནད”བསལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།