ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་བསམ་བློའི་དྲིལ་སྒྲོག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དར་ཆ་གསལ་སྟོན་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་སྟོན་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་གཞིགས་ནས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་གླེང་ཕྱོགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། གཞི་རྟེན་གསར་གཏོད་ལ་སྐུལ་འདེད་དང་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་བསམ་བློའི་མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་བྱ་གཞག་ཁག་ལ་སྲ་ཞིང་བརྟན་པའི་གླེང་ཕྱོགས་ཀྱི་འདེགས་སྐྱོར་དང་བསམ་བློའི་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།

འདེགས་གནས་ཡང་དག་བཙལ་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྒྱུན་རྣམ་གསར་པ་དང་རྒྱུན་མཐུད་འཚམ་པར་བྱས་ཤིང་། 《སྟོད་ལུང་བདེ་ཆེན་ཆུས་ཀྱི་2022ལོའི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་གཙོ་གནད》དང《སྟོད་ལུང་བདེ་ཆེན་ཆུས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའི)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2022ལོའི་ཆེད་དོན་སློབ་སྦྱོང་གི་ནང་དོན་གཙོ་བོའི་བཀོད་སྒྲིག》བཟོས་ནས་བཀྲམ་ཏེ་ལས་འགན་དང་ལམ་རིས་ཁ་གསལ་བཟོས་པ་རེད། ཆུས་ཨུད་རྒྱུན་ལས་ཨུ་ལྷན་གྱི“གྲོས་གཞི་དང་པོ”དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་། དེ་བཞིན་རིམ་ཁག་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་ལམ་སྲོལ་སོགས་འཐུས་སྒོ་ཚང་དུ་བཏང་སྟེ་ཆུས་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཅིག་སྡུད་སློབ་སྦྱོང་ཐེངས་5དང་། རིཌ་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་གི་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་ཐེངས་7 རིམ་ཁག་ཏང་རྩ་འཛུགས་ཀྱིས་རིགས་ཁག་གི་སློབ་སྦྱོང་དང་བགྲོ་གླེང་ཐེངས་150བཅས་བྱས་པ་རེད། 《ལྗོངས་ཡོངས་ཀྱི“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་སྟེགས་བུའི་གནས་ཚུལ་ལ་གཞིགས་ནས་ཟླ་རེར་བརྡ་ཁྱབ་གཏོང་བའི་སྐོར་གྱི་བརྡ་ཐོ》བཟོས་ནས་སྤེལ་ཏེ་ཉིན་རེའི“སྐར་གྲངས་36གི་ཚད་ལོན་ལམ་ཐིག”གི་ལམ་ལུགས་དང་། དེ་བཞིན་ཟླ་རེར་ཚན་པའི་སློབ་སྦྱོང་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་ལག་ལེན་བསྟར་བ་དང་། “སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་མིག་དཔེ་དཔྱད་འདེམས་བྱེད་པ། དུས་ཚིགས་རེར་སློབ་སྦྱོང་མིག་དཔེ་100ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད།

གཙོ་གནད་ཁོང་དུ་ཆུད་པར་བྱས་ནས་རང་འགུལ་ངང་བྱས་རྗེས་བཞག་སྟེ་རིན་ཐང་རྒྱུན་མཐུད་ངང་མངོན་པར་བྱས་ཤིང་། བོད་རྒྱ་སྐད་ཡིག་གཉིས་ཀྱི“སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི”དྲ་ཐོག་དྲི་བར་ལན་རྒྱག་པའི་བྱེད་སྒོ་སྤེལ་ཏེ། མིང་གྲལ་100རུ་ཚུད་པའི་མང་ཚོགས་ལ་བྱ་དགའ་སྤྲད་དེ་རང་རྟོགས་ངང་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པ་རེད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། གྲོང་ཚོའི་ལོ་རྒྱུས་ཁང་། དུས་རབས་གསར་པའི་ཁྲིད་སྦྱོང་ཁང་། ཞིང་པའི་མཚན་སློབ་སོགས་རྟེན་གཞིར་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། སྤྱོད་ཚུལ་འཛུགས་སྐྱོང་སོགས་ནང་དོན་ལ་དམིགས་ནས། འགོ་ཁྲིད་ལས་བྱེད་པ་དང་ཞིང་འབྲོག་པའི་སྒྲོག་འགྲེལ་པ་སོགས་སྒྲིག་འཛུགས་བྱས་ཏེ་སྒྲོག་འགྲེལ་ཐེངས་400བྱས་པར་མི་གྲངས་42000ཟིན་ཡོད། “གསན་དང་། དད་ཞེན་གྱི་སྟོབས་ཤུགས—ལོ་བརྒྱད་ཅུར་སླེབས་པའི་བགྲེས་སོང་གྲགས་པ་དབང་ལྡན་གྱི་གསར་བརྗེའི་སྒྲོག་འགྲེལ”དང“གྲོང་གསེབ་མཛེས་ཤོས་སུ་བསྐྱོད་དེ་ངོ་གདོང་མཛེས་ཤོས་འཚོལ་བ”སོགས་སྨྱན་སྦྱོར་གསར་པའི་བརྩམས་བྱ་60གསར་རྩོམ་བྱས་ཏེ། སྟོད་ལུང་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཁྱུག་དབྱིངས་ཐོག་ཁྱབ་བསྒྲགས་བྱས་པར་རིམ་རྩིས་བྱས་ན་ལྟ་ཐེངས་ཁྲི་85ལྷག་ཙམ་ཟིན་གྱི་ཡོད་པ་རེད།

གླེང་ཆ་མང་བའི་གཞི་བཙལ་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པའི་ཁྲོད་དུ་འགོག་སྲུང་འཛིང་རགས་རྒྱུན་མཐུད་བརྟན་པོ་བཙུགས་ཤིང་། བོད་རྒྱ་སྐད་ཡིག་གཉིས་ཀྱི《དུས་རབས་གསར་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་ཤེས་པ་དང་སློབ་སྦྱོང་བྱེད་དགོས་པའི་ལག་དེབ》དང《ཞིང་འབྲོག་མང་ཚོགས་ཀྱིས་ངེས་པར་དུ་ཤེས་དགོས་པའི་དྲི་བ་50》རང་རྟེན་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་ནས་ལས་བྱེད་པ་དང་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་གཞི་2500སྤྲད་པ་རེད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་སྐུལ་འདེད་ཉིན་མོ་དང་ཟུང་འབྲེལ་བྱས་ཏེ། དྲ་རྒྱའི་ཤེས་དཔལ“བཞིར་སྐྱོད་པའི”འགོ་ཚུགས་མཛད་སྒོ་དང་། ཟླ་3པར་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ“གཤམ་སྤེལ་ལྔ”སོཌ་ཀྱི་བྱེད་སྒོ་སྤེལ་ཡོད། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པ”དང“ནམ་ཡང་ཏང་གི་རྗེས་སུ་འབྲང་བ”ཞེས་པའི་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་བ་དང་འབྲེལ། ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞོར་རིག་གནས་ཀྱི་འཚོ་བ་རྒྱུན་མཐུད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཞིང་། ད་དུང་སྟོད་ལུང་བདེ་ཆེན་ཆུས་ཀྱི་གློག་བརྙན་རུ་ཁག་དགོན་སྡེ་དང་། གྲོང་གསེབ། སློབ་གྲྭ་བཅས་སུ་བསྐྱོད་དེ་གསར་བརྗེའི་གློག་བརྙན་ཐེངས་13བསྟན་པར་ལྟ་མཁན་མི་གྲངས་300ཟིན་ཡོད་པ་རེད།

དཀའ་གནད་བསལ་ནས་གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་པའི་རྣམ་པ་བཏོད་ཅིང་། འགོ་ཁྲིད་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ནས་རིམ་པ་ཁག་དང་སྡེ་ཚན་ཁག་ཏུ་ཆེད་བསྐོས་དྲིལ་བསྒྲགས་ཨུ་ཡོན་གྱིས་སྟོབས་ཤུགས་གཙོ་བོ་བྱེད་པའི་གླེང་ཕྱོགས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལས་ཀའི་སྟོབས་ཤུགས་དཔྱད་ཞིབ་ཁྱབ་ཁོངས་ནང་བཅུག་ཡོད། གླེང་ཕྱོགས་ཁྱབ་བསྒྲགས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ《སྙན་སྒྲོན་པ་གཙོ་བོས་སྐྱེ་ཁམས་སྐོར་གྱི་ལེགས་བཤད་བརྗོད་པ》དང་། 《རིམས་འགོག་གི་མྱུར་འཕྲིན》《རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་སྟོད་ལུང་གིས་ཁྱེད་ལ་ཤོད་པ》སོགས་བོད་སྐད་ལེ་ཚན་བཟོས་ཏེ་རིམས་ནད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཡང་དག་ངང་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་བརྒྱབ་པ། སྤྱི་ཚོགས་ཀྱི་བསམ་ཚུལ་དུས་ཐོག་ཏུ་གསེད་དཀྲོལ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ནུས་ལྡན་བཅས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།