ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གམ་པ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་དང་ཁྱད་ཆོས་ལ་དམ་པོར་བརྟེན་ནས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ལས་དོན་ཁག་ཟུང་འབྲེལ་དམ་ཟབ་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཞུན་བརྡར་ལ་སྔར་བས་ཤུགས་སྣོན་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་བཅངས་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གནད་དོན་ཐག་གཅོད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཐད་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མངོན་པ་བྱས་ཏེ། རྫོང་དེ་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

ཆབ་སྲིད་ཁྲིད་སྟོན་ཤུགས་སྣོན་བརྒྱབ། བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱས། 

གམ་པ་རྫོང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། 《གམ་པ་རྫོང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཇུས་གཞི》བཟོས་ནས་བཀྲམ་ཏེ་ལས་ཀའི་བསམ་ཕྱོགས་དང་ལས་ཀའི་བླང་བྱ་ཁ་གསལ་བཏོན་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། སྐུལ་འདེད་ནུས་ལྡན་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁ་ཕྱོགས་མི་འཛོལ་བ་དང་། ངར་ཤུགས་མི་ཆག་པ། ཤུགས་ཚད་ཆུང་དུ་མི་འགྲོ་བ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་འགན་ལེན་བྱས་ཡོད་པ་རེད།

རྫོང་དང་ཤང་རིམ་པ་གཉིས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང་། སློབ་སྦྱོང་སློབ་གསོའི་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པ། གམ་པ་རྫོང་གིས་སློབ་སྦྱོང་སློབ་གསོ་སྔོན་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་སློབ་གསོ“ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན”དང་། ཏང་གི་ལོ་རྒྱུས་སློབ་གསོ“ཐོག་མའི་བསམ་འདུན་གྱི་སློབ་ཚན”ཉེན་ཟོན་སློབ་གསོ“སྲིད་གཙང་སློབ་ཚན”བཅས་སུ་མངོན་གསལ་དོད་པོར་འཇོག་པ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྦྱོང་བ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་རྗེས་སྙེག་གིས་སྦྱོང་བ། དྲ་ཐོག་གི་ལས་སྟེགས་སུ་རྟག་ཏུ་སྦྱོང་བ། སློབ་གསོའི་རྟེན་གཞིར་ས་གནས་ས་ཐོག་ཏུ་སྦྱོང་བ་སོགས་ཀྱི་བྱེད་ཐབས་མཐའ་འཁྱོངས་བྱས་ནས་གཏན་འཁེལ་བྱས་པའི་དཔེ་དེབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། ཐོག་མའི་བསམ་འདུན་མི་བརྗེད་པ། འགན་འཁྲི་ཁུར་དུ་ལེན་པ་བཅས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚང་མས་ཆ་སྙོམས་སློབ་སྦྱོང་ཟིན་བྲིས་ཡིག་འབྲུ་ཁྲི་2ལྷག་ཙམ་དང་བགྲོ་གླེང་ཡིག་ཆ་11བྲིས་ཡོད། ཏང་གི་ལོ་རྒྱུས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་རླབས་པོ་ཆེར་གོ་བ་གཏིང་ཟབ་བླངས་པ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་། དུས་རབས་ཀྱི་རིན་ཐང་། ལག་ལེན་གྱི་ཟིལ་ཤུགས་བཅས་གང་ལེགས་རྟོགས་པ་བྱས་ཏེ་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད། འབད་འབུངས་སྟོབས་ཤུགས་གཅིག་ཏུ་འདུས། 

“འདི་ནི་བློ་མཐུན་ཁུང་ཧྥན་སེན་ཕྱག་ལས་གནང་མྱོང་བའི་ས་ཆ་ཞིག་རེད། དེས་ན་ང་ཚོར་ཁུང་ཧྥན་སེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱ་རྒྱུའི་འོས་འགན་དང་འགན་འཁྲི་ཡོད”ཅེས་གམ་པ་རྫོང་ཏང་གཤིས་སློབ་གསོའི་རྟེན་གཞིའི་འཆད་འགྲེལ་པ་བསྟན་བཟང་གིས་བརྩེ་བ་ཟབ་མོས་དེ་ལྟར་བརྗོད།

གམ་པ་རྫོང་གིས“ས་གནས་དེ་གའི་གསར་བརྗེའི་སློབ་གཞིར”བརྟེན་ནས་ཁུང་ཧྥན་སེན་གམ་པར་བཞུགས་སྐབས་ཀྱི་ལོ་རྒྱུས་གཏམ་རྒྱུད་དང་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་སྔོག་འདོན་གཏིང་ཟབ་བྱས་པ་དང་ཆབས་ཅིག ཏང་གི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་ས་ཆ་མང་པོར་བཅར་འདྲི་དང་བདེན་དཔང་ར་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཆགས་པ་བྱས་ནས་ཁུང་ཧྥན་སེན་གྱི་སྙིང་སྟོབས་བརྗོད་དོན་གཙོ་བོར་བྱས་པའི་ཏང་གཤིས་སློབ་གསོའི་རྟེན་གཞི་ཞིག་བཏོད་ཡོད་པ་རེད།

གསར་བརྗེའི་ཐོན་ཁུངས་ནི་ཆེས་གསོན་ཉམས་དོད་པ་དང་། ཆེས་དོན་དངོས། ཆེས་རྩ་ཆེ་བཅས་ཀྱི་ཏང་གི་ལོ་རྒྱུས་ཀྱི་སློབ་གཞི་ཞིག་ཡིན། 2021ལོ་ཚུན་གམ་པ་རྫོང་གིས་ཏང་ཡོན་ལས་བྱེད་པ་ཏང་གཤིས་སློབ་གསོའི་རྟེན་གཞིར་སློབ་སྦྱོང་བྱེད་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བའི་སྒྲིག་འཛུགས་བྱས་ཏེ། ས་གནས་ས་ཐོག་ཏུ“སེམས་གཏིང་དུ་ཟུག་པའི”སློབ་ཁྲིད་བྱེད་སྟངས་སྤྱད་དེ་ཏང་ཡོན་ལས་བྱེད་པར་ཁུང་ཧྥན་སེན་གྱི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་བསྐྱེད་པ་དང་བསམ་བློར་ཞུན་བརྡར་སྤྲས་ནས། དད་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། ཏང་གཤིས་ཀྱི་ཧེ་བག་འཚོལ་བ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ་བཅས་བྱས་པས། ཁུང་ཧྥན་སེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚང་མས་ས་གནས་ས་ཐོག་ཏུ་གསར་བརྗེའི་རྗེས་ཤུལ་མཇལ་བ་དང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་པ། གསར་བརྗེའི་གཏམ་རྒྱུད་སྒྲོག་འགྲེལ་བྱེད་པ། གསར་བརྗེའི་གླུ་གཞས་བརྒྱུད་གཏོང་བྱེད་པ། མྱོང་ཚོར་ཤོད་པ་དང་སྤེལ་རེས་བྱེད་པ་སོགས་བརྒྱུད། གསར་བརྗེའི་སྙིང་སྟོབས་རྟོགས་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་གམ་པ་རྫོང་གིས་ཤང་དང་གྲོང་གསེབ་ཁག་སྐུལ་སློང་བྱས་ནས“གྲོང་ཚོའི་ལོ་རྒྱུས་ཁང”ཧུར་ཐག་སྐྲུན་པ་དང་། ཉེ་འགྲམ་གྱི་གསར་བརྗེའི་ཁྱིམ་གཞིས་གང་ལེགས་སྤྱོད་པ། ཡུལ་དེ་གའི་ཏང་གི་ལོ་རྒྱུས་དང་འཕེལ་རྒྱས་ལོ་རྒྱུས་དང་། ཉེ་འགྲམ་གྱི་གསར་བརྗེའི་གཏམ་རྒྱུད། ཡུལ་དེ་གའི་དཔའ་བོ་མི་སྣ་བཅས་གསེད་བཀྲོལ་བྱེད་པ། “ཁྱིམ་གྱི་སྒོ་རྩའི”གསར་བརྗེའི་ཐོན་ཁུངས་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“གསོན་ཉམས་དོད་པའི་སློབ་གཞིར”སྒྱུར་བ་བཅས་བྱས་ཏེ། “གསར་བརྗེའི་རྩ་བ”དེ་མཐོང་ཐུབ་པ་དང་། ཉན་ཐུབ་པ། ཀློག་ཐུབ་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི“བསམ་པའི་ཡིད་གསོས”སུ་འགྱུར་བ་བྱས་ཡོད་པ་རེད།

གྲོང་ཚོའི་ལོ་རྒྱུས་ཁང་རེ་རེ་བསྐྲུན་ནས་གྲོང་མིར་ལོ་རྒྱུས་སློབ་སྦྱོང་དང་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་ཞིག་ཕྱེ་སྟེ། དངོས་རྫས་དང་། དངོས་ལྗོངས། དངོས་དཔེ། དོན་དངོས་བཅས་གཞི་རྟེན་དུ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཉམས་ལེན་རང་བཞིན་གྱི་སློབ་སྦྱོང་དང་། སེམས་གཏིང་དུ་ཟུག་པའི་སློབ་སྦྱོང་། བརྗོད་དོན་གཙོ་བོའི་ལག་ལེན་སློབ་སྦྱོང་། མཉམ་འགུལ་རྣམ་པའི་བརྩོན་ཞིབ་སློབ་སྦྱོང་སོགས་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་ཚུན་དུ་བྱུང་བའི་འཕོ་འགྱུར་རླབས་པོ་ཆེ་དང་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་མྱོང་ཚོར་གཏིང་ཟབ་ཐུབ་པ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཡིད་དབང་འཕྲོག་ཤུགས་དང་། བློ་སེམས་འགུགས་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་བཏང་།

གམ་པ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱས་ནས། ཐོག་མཐའ་བར་གསུམ་དུ་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། 《“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གམ་པ་རྫོང་གི་ལས་ཀའི་ཇུས་གཞི》དང་།《“སློབ་སྦྱོང་ཆེན་པོ་དང་། བཅར་འདྲི་ཆེན་པོ། བརྟག་དཔྱད་ཞིབ་འཇུག་ཆེན་པོ”བཅས་ཀྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གམ་པ་རྫོང་གི་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་སུ་ཏན་ཏིག་འགྱུར་བར་བྱས་ནས། དམངས་ཆེད་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། མིག་སྔའི་བར་གམ་པ་རྫོང་གིས་དམངས་ལ་བྱ་བ་དངོས་ཁག་894བསྒྲུབས་པ་དང་། དེའི་ནང་ཞུགས་མཁན་མི་ཐེངས་6000ལྷག་ཙམ་ཟིན་པ། མ་དངུལ་སྒོར་ཁྲི་21.46ཟིན་པ། མི་ཐེངས་ཁྲི་3.4ལ་ཕན་པ་ཐོབ་པས། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་ཕྱིན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད། ཏང་ཡོན་ལས་བྱེད་པས་གམ་པ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གཞིས་རྩེ་གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས། “གསོ་ཚགས་རེ་དང་། གཏེར་ཆུ་རེ། མཛེས་ལྗོངས་རེ། གླིང་རེ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དོན་འཁྱོལ་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ལས་ཀའི་སྤྱོད་ཚུལ་དེ་བས་དངོས་ཐོག་བདེན་འཚོལ་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད་པ་རེད།

གམ་པའི་ལུག་གི་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་གསོ་ཚགས་དང་།“ལོ་གཉིས་ལ་ལུག་ཕྲུག་ཐེངས་གསུམ་བཙའ་བ”དུས་ཐུང་རྒྱགས་གསོ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། གམ་པའི་ལུག་གི་ཁུངས་འདེད་མ་ལག་བཙུགས་ནས་དུས་ཚིགས་རང་བཞིན་གྱི་བཤས་གཏོང་ཚད་དེ་ལོ་ཧྲིལ་པོའི་བཤས་གཏོང་ཚད་ཕྱོགས་སུ་བསྒྱུར་ནས་ཡོང་འབབ་སྒོར་ཁྲི་609བཏོད་ཡོད། ཞིང་འབྲོག་པ་མང་ཚོགས་གམ་པའི་ལུག་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་དང་གམ་པའི་ལུག་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ནས། པའེ་ཡ་ཁྲེང་ཞིང་ལས་ཉོ་ཚོང་ཚད་ཡོད་ཀུང་སི་དང་ཉོ་ཚོང་གན་རྒྱ་བཞག་སྟེ། “སྣེ་འདྲེན་ཁེ་ལས་དང་། ཐོན་ལས་རྟེན་གཞི། མཉམ་ལས་ཁང་། ཞིང་འབྲོག་དུད་ཚང”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་པས། “ཞིང་དུད་ཆུང་ངུ”ཁྲོམ་ར་ཆེན་པོ་དང་སྦྲེལ་མཐུད་སྔར་བས་ལེགས་པོ་བྱུང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ་རེད།

ཏང་གི་ལོ་རྒྱུས་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱེད་པ་དང་། ཏང་གི་ལོ་རྒྱུས་ལ་བརྟེན་ནས་སེམས་ཁམས་དྭངས་གཙང་ཡོང་བར་བྱེད་པ། ཏང་གི་ལོ་རྒྱུས་ལ་བརྟེན་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་འཕེལ་བ་བཅས་བྱས་ཡོད། གོམ་སྟབས་རྗེས་མར་གམ་པ་རྫོང་གིས“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ།  རྣམ་པ་གསར་པ་གཏོད་པ”བཅས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུ་དང་། “ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར།   ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར”བཅས་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས“ཏང་གཤིས་ཞུན་བརྡར་གང་ལེགས་བྱེད་པ་དང་། དམངས་ལ་ཞབས་འདེགས་གང་ཐུབ་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གང་ཐུབ་གཏོང་བ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཇོན་ཐང་ངོ་མ་ངོམ་རྒྱུར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་དང་ཞིབ་ཕྲའི་ལག་ལེན་གཞན་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།