ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་དང་དངོས་འཛིན་དངོས་སྒྲུབ་ལ་སྣང་ཆེན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་བཏང་སྟེ་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་ཞིབ་བཤེར་དང་། འགན་འཁྲི་ཞིབ་བཤེར། སྐྱོན་ཆ་ཞིབ་བཤེར། དོན་འཁྱོལ་ཞིབ་བཤེར་བཅས་ནན་ཏན་བྱས་ནས་བློ་གཤོགས་ཆེན་པོས་བྱ་གཞག་སྒྲུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་གཉེར་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། 

འདི་ལོ་ཚུན་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་སྤྱོད་བཟང་སྒྲིག་ནན་དང་། རྙིང་དོར་གསར་འཛུགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ནགས་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ལེགས་གཏོང་དང་ལྗང་མདོག་འཕེལ་རྒྱས་ཡོང་བར་བྱས་པ་དང་ཆབས་ཅིག ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་དང་འབྲེལ་མཐུད་ནུས་ལྡན་བྱས་པ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་སྔ་རྗེས་སུ་ནགས་དཔོན་ལམ་ལུགས་ལས་དོན་གྱི་ལག་བསྟར་ཇུས་གཞི་བཀྲམ་ནས་ནགས་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། གནད་དོན་འཐབ་ཕྱོགས་དང་པོར་ཤེས་རྟོགས་དང་། འགལ་བ་འཐབ་ཕྱོགས་དང་པོར་ཐག་གཅོད། ལས་དོན་འཐབ་ཕྱོགས་དང་པོར་སྐུལ་འདེད། སྤྱོད་ཚུལ་འཐབ་ཕྱོགས་དང་པོར་སྦྱོང་བརྡར་བཅས་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། སློབ་སྦྱོང་གི་གཞི་རྟེན་དམ་འཛིན་བྱས་ནས་སློབ་སྲོལ་ལེགས་སུ་དང་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། “ལུས་རྩལ་ཚང་མས་གླེང”ཞེས་པའི་འགོ་ཚུགས་མཛད་སྒོ་དང“ལུས་རྩལ་ཚང་མས་གླེང”ཞེས་པའི་དུས་ཚིགས་གཉིས་པའི་ཆེད་དོན་གསོ་སྦྱོང་འཆད་ཁྲིད་ཐེངས་དང་པོ་སྒྲིག་འཛུགས་བྱས་ནས་ཅུས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོའི་དཔུང་ཁག་ཁྲོད་ཀྱི་ལུས་རྩལ་མི་ཤེས་པ་དང་ཤེས་བྱ་སྣ་གཅིག་ལས་མེད་པ་སོགས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཏེ་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་ཏན་ཏིག་སྐོང་ཐུབ་པའི་བྱང་ཚད་མཐོ་བའི་ལུས་རྩལ་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད། སྤྱོད་ཚུལ་ལེགས་སུ་གཏོང་བར་དམ་འཛིན་བྱས་ནས་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱིས་གནད་དོན་རང་བཤེར་ཧུར་ཐག་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། འདུ་ཤེས་གསར་གཏོད། བདེ་འཇགས་དོ་དམ་སོགས་ཐད་ཀྱི་གནད་དོན་གསེད་བཀྲོལ་བྱས་པ་རེད། འཚོལ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ནས་དག་ཐེར་གྱི་བྱེད་སྟངས་གསར་གཏོད་བྱས་ཏེ་ཟླ་རེར་ལྟེ་བའི་ཏང་ཀྲི་པུས“ངོ་ཐུག་གདོང་འཕྲད་དང་། སྙིང་གཏམ་ཤོད་རེས། དཀའ་གནད་སེལ་བ”བཅས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ཏེ་འཕྲལ་སྒྲུབ་འཕྲལ་བཅོས་ཐུབ་པར་བྱས་ཡོད།

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྲིད་གྲོས་ཀྱིས“ཁྲིམས་ལྟར་ཆུས་སྐྱོང་བ”དང“ཁ་དན་ཚིག་གནས་ཀྱི་གསེར་རྙེད”གཏོད་རྒྱུ་དེ་ལྟེ་བར་དམིགས་པ་དང་ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་སྒྲུབ་ལས་ཀའི་གཙོ་གནད་ལ་བརྩིས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། དངོས་ཐོག་བདེན་འཚོལ། སྔོན་གཏོད་ལེགས་བརྩོན་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས“སྲིད་གྲོས་ཨུ་ཡོན་གྱི་གནས་ལུགས་བརྗོད་ཁང”ལ་ཚད་བརྒལ་གསར་པ་བྱུང་ཡོད། “སློབ་སྦྱོང་དང་གསོ་སྦྱོང”གི་རྩ་བ་དེར་དམ་འཛིན་བྱས་ནས《“སྲིད་གྲོས་ཨུ་ཡོན་གྱི་གནས་ལུགས་བརྗོད་ཁང”ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། ཟླ་2རེར་ཨུ་ཡོན་ཚང་མར་བཅའ་ཁྲིམས་ཀྱི་གསོ་སྦྱོང་ཐེངས་རེ་བྱ་རྒྱུ་ཁ་གསལ་བཟོས་ཡོད། མིག་སྔར་གསེར་རྙེད་ཆུས་ཀྱིས“སྲིད་གྲོས་ཨུ་ཡོན་གྱི་གནས་ལུགས་བརྗོད་ཁང”གི་བཅའ་ཁྲིམས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་གཉེར་ནས་སྲིད་གྲོས་ཨུ་ཡོན་གྱིས་ཁྲིམས་སྐྱོང་ལག་བསྟར་ལ་མིག་དཔེ་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། “སྒྲོག་འགྲེལ་སྐུལ་ཁྲིད”ཀྱི་འགག་རྩ་དེར་དམ་འཛིན་བྱས་ཏེ་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མ་ཚོགས་ཆུང་4ལ་བགོས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྒྲོག་འགྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྱིམ་ཚང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་འཛུགས་སུ་བཅུག་སྟེ་ཡུལ་སྲོལ་ཤེས་དཔལ་དང་། བཅོས་སྐྱོང་ནུས་ལྡན། བྱ་སྤྱོད་ཚད་ལྡན་བཅས་ཀྱི་རྣམ་པ་གསར་པ་དང་དར་སྲོལ་གསར་པ་ཞིག་ཆགས་པར་བྱས་ཡོད། འདི་ལོ་ཚུན་དུ་གསེར་རྙེད་ཆུས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་སྒྲོག་འགྲེལ་ཐེངས་137བྱས་པ་དང་ཞིང་འབྲོག་མང་ཚོགས་མི་ཐེངས་23455ཡིས་སྒྲོག་འགྲེལ་ཉན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།