ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས“གནས་ཡུལ་ཨང་རྟགས”སྤྱོད་རྒྱུ་མུ་མཐུད་ཁྱབ་གདལ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གནད་སྨིན་ནུས་ཆེའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་དང་གྲངས་གཞི་ཆེ་མོའི་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་ཆེད། བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་ཨང་རྟགས་དང་གནས་ཡུལ་ཨང་རྟགས་བཀོལ་སྤྱོད་དང་ཞིབ་དཔྱད་བྱ་རྒྱུ་མུ་མཐུད་ཁྱབ་གདལ་བཏང་བ་རེད།

ལྷ་ས་གྲོང་ཁྱེར་ཀུན་བདེ་གླིང་ཐེན་ཅེ་ཁྲོམ་གཞུང་ཉོ་སྒྲུབ་ཐང་ཆེན་དུ་གསར་འགོད་པར་མཐོང་གསལ། འཁོར་རིགས་རླངས་འཁོར་འཇོག་སར་མ་འཛུལ་གོང་རླངས་འཁོར་ནང་སྡོད་མཁན་ལ་ཚ་བ་ལྟ་དགོས་པ་དང་། ཚོང་རར་སྐྱོད་སྐབས་ཀྱང་ཨང་རྟགས་བཤེར་བ་དང་ཚ་བ་ལྟ་དགོས་པ་མ་ཟད། ཚོང་དུད་རེ་རེའི་སྒོ་འགྲམ་དུའང་དེ་མཚུངས་ཀྱི་གནས་ཡུལ་ཨང་རྟགས་སྦྱར་ཡོད། རྒྱ་ཆེའི་གྲོང་མི་ཚོས་ཚོང་རར་མ་འཛུལ་གོང་རང་འགུལ་ངང་ཨང་རྟགས་བཤེར་བཞིན་ཡོད་པ་དང་། ལས་དོན་པའི་སྣེ་ཁྲིད་འོག་བཀོལ་སྤྱོད་བྱེད་མི་ཤེས་པའི་གྲོང་མི་ཁག་གཅིག་གིས་ཀྱང་གོ་རིམ་ལྡན་པའི་ངང་ཆ་འཕྲིན་བཀོད་ནས་རིམས་འགོག་བདེ་ཐང་ཨང་རྟགས་རེ་ཞུ་བྱེད་པ་དང་ལྗང་མདོག་ཨང་རྟགས་མངོན་རྗེས་གཞི་ནས་ཚོང་རར་འཛུལ་གྱི་ཡོད་པ་རེད། སྤྱི་པའི་འདུ་འཛོམས་བྱ་ཡུལ་དུའང་གནས་ཡུལ་ཨང་རྟགས་བཤེར་ཚེ་གཞི་ནས་སྐྱོད་ཆོག་པ་དང་། རང་ཉིད་ཉིན་14ནང་ཚུན་དུ་གང་དུ་འགྲོ་སྐྱོད་བྱས་མིན་བརྟག་དཔྱད་བྱེད་པ་དང་ཆབས་ཅིག་འགྲོ་སྐྱོད་བཤེར་རྟགས་ཀྱང་བཤེར་དགོས། འོ་ན་གནས་ཡུལ་ཨང་རྟགས་དང་འགྲོ་སྐྱོད་བཤེར་རྟགས་ལ་ཁྱད་པར་གང་ཡོད་དམ། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་གི་ལས་དོན་མི་སྣས“གནས་ཡུལ་ཨང་རྟགས་དང་འགྲོ་སྐྱོད་བཤེར་རྟགས་ཚང་མར་རང་ཉིད་གང་དུ་གནས་ཡུལ་འཁོད་མོད། འོན་ཀྱང་གནས་ཡུལ་ཨང་རྟགས་ནི་གཙོ་གནད་ཁུལ་གྱི་ཆེད་སྤྱོད་རྩ་གཉིས་ཨང་རྟགས་ཤིག་རེད། མང་ཚོགས་ཀྱིས་ཨང་རྟགས་བཤེར་རྗེས་བདེ་ཐང་ཨང་རྟགས་ལས་སྟེགས་ཀྱིས་རང་འགུལ་ངང་ས་ཆ་དེར་བསྐྱོད་པའི་འབྲེལ་ཡོད་ཆ་འཕྲིན་ཟིན་ཐོར་འགོད་པ་དང་། ཆ་འཕྲིན་དེ་དག་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁོ་ནར་སྤྱོད་ཀྱི་ཡོད། འགྲོ་སྐྱོད་བཤེར་རྟགས་ལས་རང་ཉིད་ཉིན་14ནང་ཚུན་དུ་གྲོང་ཁྱེར་གང་དུ་སྐྱོད་མིན་གྱི་ཆ་འཕྲིན་ཚང་མ་བཤེར་ཐུབ་པ་དང་། གལ་ཏེ་རང་ཉིད་བསྐྱོད་མྱོང་བའི་གྲོང་ཁྱེར་དེ་ཉེན་ཁ་ཆེ་འབྲིང་ཁུལ་ཡིན་ཚེ། འགྲོ་སྐྱོད་བཤེར་རྟགས་ཀྱིས་གྲོང་ཁྱེར་དེའི་རྒྱབ་ཏུ་སྐར་མའི་རྟགས་བཀོད་ནས་འགྲོ་སྐྱོད་ཐད་དྲན་སྐུལ་བྱེད་ཀྱི་ཡོད། རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཀྱིས་ཨང་རྟགས་བཤེར་བ་དང་ཞིབ་དཔྱད་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རང་གཞན་གཉིས་ཀའི་བདེ་འཇགས་ལ་འགན་འཁུར་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།