ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”ལ་བརྟེན་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་དོན་གཅོད་དབང་ཆ་གཤམ་སྤྲོད་དང་། གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། གྲོང་གསེབ་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། “འགྲིམ་འགྲུལ་དང་སྦྲག་སྲིད”མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྗོངས་བབ་དངོས་ལ་གཞི་ཚུགས་ཏེ་གྲོང་ཁྱེར་དང་ས་གནས་ལས་བརྒལ་བའི་རྣམ་གྲངས་ཕུད། བོད་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པ་དང་། འོས་སྐུལ་བྱེད་པ། འཛུགས་སྐྲུན་དོ་དམ། ལས་གྲྭ་རྩིས་སྤྲོད་རྩིས་ལེན་བཅས་ཀྱི་དབང་ཆ་དང་དེ་བཞིན་མ་དངུལ་བདེ་འཇགས་དང་སྲིད་གཙང་འཛུགས་སྐྱོང་ཚང་མ་གྲོང་ཁྱེར་དང་ས་ཁུལ་ཁག་ལ་གཤམ་སྤྲོད་བྱ་རྒྱུ་མ་ཟད། ཁོང་ཚོར་རྣམ་གྲངས་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་འཁུར་དུ་བཅུག་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྫོང(ཆུས)གི་ཁུར་ལེན་ནུས་པར་གཞིགས་ཏེ། རྫོང(ཆུས)ལ་མུ་མཐུད་དབང་ཆ་གཤམ་སྤྲོད་བྱེད་མིན་གཏན་འཁེལ་ཡང་བྱ་རྒྱུ་རེད། འོན་ཀྱང་དམིགས་བསལ་ཟམ་ཆེན་དང་ཕུག་ལམ་སོགས་ལག་རྩལ་གྱི་དཀའ་གནད་ཅུང་ཆེ་བའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཇུས་གཞིར་ཞིབ་དཔྱད་དང་། དམ་འཛིན། ཇུས་འགོད་བཅས་ཀྱི་འགན་འཁུར་རྒྱུ་དང་གྲོང་ཁྱེར་དང་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཨར་ལས་ཇུས་འགོད་རི་མོར་ཞིབ་མཆན་འགོད་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འགན་འཁུར་རྒྱུ་རེད། ཅུང་ཆེ་བའི་ལས་གྲྭའི་རྣམ་གྲངས་ཀྱི་ཇུས་འགོད་ལ་འགྱུར་ལྡོག་གཏོང་དགོས་ཚེ། རྣམ་གྲངས་ཁྲིམས་མིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས་གཞི་ནས་ལག་བསྟར་བྱེད་ཆོག གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་དོན་གཅོད་དབང་ཆ་གཤམ་སྤྲོད་བྱས་རྗེས། ལས་རིགས་འདིའི་གཙོ་གཉེར་སྡེ་ཚན་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་མུ་མཐུད་ཏན་ཏིག་འཁུར་དགོས་ཀྱི་ཡོད།

གཞན་ཡང་། བོད་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི“མཐའ་མའི་འགག་གནད”ཡིན་པའི་སྲིད་འཛིན་གྲོང་ཚོ་བར་གྱི་སྦྲེལ་མཐུད་གཞུང་ལམ་རྣམ་གྲངས་ཀྱང་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་55ཡི“མཐའ་མའི་འགག་གནད”ཡིན་པའི་སྲིད་འཛིན་གྲོང་ཚོ་དབར་གྱི་སྦྲེལ་མཐུད་གཞུང་ལམ་རྣམ་གྲངས་ཀྱི་འཛུགས་སྐྲུན་ལམ་ཚད་ཁྱོན་བསྡོམས་སྤྱི་ལེ་40.11ཟིན་ཡོད། 2021ལོའི་ལོ་མཇུག་ཏུ། རྣམ་གྲངས་47ལེགས་གྲུབ་ཟིན་པ་དང་། རྣམ་གྲངས་གཞན་དག་8ཀྱི་ལམ་གཞིའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་འབྲེལ། ཉིན་ཤས་གོང་ཚང་མ་ལས་འགོ་བསྐྱར་ཚུགས་བྱས་ནས་འདི་ལོའི་ཟླ་6པར་ཁྱོན་ཡོངས་ནས་ལེགས་གྲུབ་ཐུབ་རེ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།