ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​བོད་ལྗོངས་སྨི་ཏི་ཁ་བརླན་ས་རུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

པར་འདི་དག་ནི་སྨི་ཏི་ཁ་བརླན་སའི་རྣམ་པ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་བྱ་ཡིས་བརླན་ས་རུ་ཟས་འཚོལ་བཞིན་གྲོང་མི་དང་འཆམ་མཐུན་མཉམ་གནས་ཀྱིས་འཚོ་སྡོད་བྱེད་བཞིན་ཡོད། དེ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཤང་གི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་དྲོད་སྐྱིད་ལྡན་པའི་རྣམ་པ་ཞིག་ཡིན་ལ། གནས་དེ་རུ་དུས་བྱ་ཁྲི་འགའ་འཚོ་སྡོད་བྱེད་ཀྱིན་ཡོད།

ཉེ་བའི་ལོ་འགའི་རིང་། སྨི་ཏི་ཁ་གྲོང་གསེབ་ཀྱི་གྲོང་མི་རྣམས་གནས་དེའི་སྲུང་སྐྱོང་མཁན་དུ་གྱུར་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱུང་ཡོད། གྲགས་ཟླ་ནི་བརླན་སའི་སྐོར་སྲུང་རུ་ཁག་གི་འགན་འཁུར་བ་ཞིག་ཡིན་ལ། རྒྱུན་ལྡན་དང་འདྲ་བར་ཁོང་གིས་རང་ཉིད་ཀྱི་དཔུང་ཁག་ཁྲིད་དེ་གངས་སེལ་མེ་ཟོན་ལས་དོན་སྤེལ་གྱིན་ཡོད། “ལོ་རེར་འདབ་ཆགས་རིགས་མང་པོ་ཞིག་གནས་འདིར་འཚོ་སྡོད་བྱེད་ཀྱིན་ཡོད། འདི་རུ་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་དང་རྩི་ཤིང་རིགས་མང་པོ་ཞིག་ཡོད་པ་མ་ཟད། ལོ་རེར་དུས་བྱ་རིགས་ཁྲི12ཙམ་འདུས་སྡོད་བྱེད་པ་དང་། གྲངས་འབོར་དང་རིགས་སྲུང་སྐྱོང་ཁུལ་གཞན་ལས་མི་ཞན་པས་ང་ཚོས་ཉིན་གསུམ་རེར་སྐོར་སྲུང་ཐེངས་གཅིག་རེ་བྱེད་ཀྱིན་ཡོད”ཅེས་གྲགས་ཟླས་བཤད།

སྨི་ཏི་ཁ་རྒྱལ་སྤྱིའི་བརླན་ས་གཙོ་བོ་ནི་ལྷ་ས་སྐྱིད་ཆུའི་འབྱུང་ཡུལ་ཡིན་ཞིང་། ལྷ་རི་རྫོང་གི་བྱང་རྒྱུད་དུ་གནས་པ་དང་། སྲུང་སྐྱོང་ཁུལ་ནི་ས་མཐོའི་མཚེའུ་དང་ན་འདམ། སྤང་ལྗོངས། འདམ་ར་བཅས་ཀྱི་ཁོངས་སུ་གཏོགས་ཤིང་། བརླན་ས་གཙོ་བོ་ནི་ལྷ་ས་སྐྱིད་ཆུའི་ཆུ་ལག་སྨི་ཏི་གཙང་བོའི་འབྱུང་ཡུལ་ཡིན་པས་རང་བྱུང་བརླན་ས་ཡིན་པ་དང་། རི་མཐོའི་ན་འདམ་དང་། རི་མཐོའི་སྤང་ལྗོངས། མཚེའུ་དང་བརླན་ས་བཅས་གཙོ་བོ་ཡིན། 2004ལོར་སྨི་ཏི་ཁ་བརླན་ས་དེ་རྒྱལ་སྤྱིའི་བརླན་སའི་སྤྱི་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་གཏན་འཁེལ་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།