ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f86c3f32-bb41-4b85-a7c2-821ee8b831f0.jpg.1.jpg

པར་འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་དཔལ་འབར་རྫོང་དུ་བཅའ་སྲུང་ཡན་ལག་རུ་ཁག་གི་རུ་མིས་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བཅའ་སྡོད་ཁུལ་གྱི་མང་ཚོགས་ཀྱིས་གསར་དུ་བཀྲམ་པའི《རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང》ལ་ངོས་འཛིན་གཏིང་ཟབ་ཡོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་དཔལ་འབར་རྫོང་དུ་བཅའ་སྲུང་ཡན་ལག་རུ་ཁག་གིས་དཔལ་འབར་རྫོང་ནགས་ལས་ཅུས་དང་མཉམ་དུ“འཛམ་གླིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

2b41ee40-1be2-438b-8ddf-ec63a12a76d3.jpg.1.jpg

པར་འདི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་མཆུ་དཀར་ཡིན་པ།

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་དོན་ནི་རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཀྱི་བྱ་སྤྱོད་ནང་ཞུགས་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་མཁན་ཧུར་ཐག་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་འདུ་ཤེས་དར་སྤེལ་གཏོང་དགོས་པའི་ཁྲིད་སྟོན་བྱས་པ་དེ་ཡིན། བྱེད་སྒོ་སྤེལ་སར་དྲིལ་བསྒྲགས་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ《རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང》དང་དེ་བཞིན་འབྲེལ་ཡོད་དྲིལ་བསྒྲཌ་དེབ་ཀྱི་ནང་དོན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། རྒྱ་བོད་ཤན་སྦྱར་གྱི་དྲིལ་བསྒྲཌ་ལག་དེབ་དང་དྲིལ་བསྒྲགས་ཤོག་ལྷེ་སོགས་ཀྱང་སྤྲད་དེ་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་གཏོད་པ་རེད། །

72f1e7f4-0d26-4611-af31-b0adfde917b5.jpg.1.jpg

པར་འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་དཔལ་འབར་རྫོང་དུ་བཅའ་སྲུང་ཡན་ལག་རུ་ཁག་གི་རུ་མིས་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་ཀྱི་ནང་དོན་འགྲེལ་བཤད་རྒྱག་བཞིན་པ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།