ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གློག་ལམ་ལ“སྐོར་ཞིབ”བྱས་ཏེ་བདེ་འཇགས་སྲུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཐད་འཕུར་གནམ་གྲུས་མཁའ་དབྱིངས་ནས་ཞིབ་བཤེར་བྱས་ཏེ་བོད་དབུས་ཀྱི་གློག་དྲ་འཁོར་རྒྱུག་བདེ་བླག་ཡོང་བར་རམ་འདེགས་བྱས་པ།

W020220414326418731200.jpg

ཟླ་4པའི་སྤོ་བོ་རྫོང་དུ་རི་བོ་སྔོ་ཞིང་ཁམ་བུའི་མེ་ཏོག་རབ་ཏུ་བཞད།

དེས་ན་ཝང་ལེས་རི་མོ་ལྟར་མཛེས་པའི་ཡུལ་དེར་ལྟད་མོ་ལྟ་ཁོམ་མེད་པར་ཞོགས་པ་སྔ་པོ་ནས་ལས་རོགས་དང་མཉམ་དུ་ཉིན་དེའི་མཁའ་དབྱིངས་སྐོར་ཞིབ་བྱེད་འགོ་ཚུགས།

དེ་ནི་ཝང་ལེས་བོད་དུ་ཡོང་ནས་གློག་སྐྱེལ་གློག་ལམ་ལ་ཐད་འཕུར་གནམ་གྲུའི་ཐོག་ནས་མཁའ་དབྱིངས་སྐོར་ཞིབ་བྱེད་ཐེངས་གསུམ་པ་དེ་རེད་ལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“ལངས་གཟུགས་སྐོར་ཞིབ་+གཅིག་སྡུད་ལྟ་སྐུལ་ཚོད་འཛིན”ཟུང་དུ་འབྲེལ་བའི་སྐྱེལ་འདྲེན་ཞིབ་བཤེར་གྱི་དཔེ་དབྱིབས་གསར་པའི་ཉམས་མྱོང་གསོག་འཇོག་བྱེད་ཐེངས་གཞན་ཞིག་ཀྱང་རེད།

ད་ཐེངས་སྐོར་ཞིབ་བྱེད་པའི་ལམ་ཐིག་ནི་བོད་དབུས་ཀྱི་གློག་དྲའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཟླ་3ཚེས་15ཉིན་ནས་བཟུང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་རྒྱལ་ཁབ་གློག་དྲ་གནམ་གྲུ་ཤར་གཏོང་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་བོད་དབུས་ཀྱི་དྲ་སྦྲེལ་ལམ་ཐིག་གི་ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ་དང་གཞོགས་འདེགས་ཀྱིས་མཁའ་དབྱིངས་སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་བ་རེད། 

ད་ཐེངས་ཀྱི་ལས་འགན་ནི་ཆན་ཧྥུའུ་500ཡོད་པའི་དྭགས་པོ་ཆུ་ཤུགས་གློག་ཁང་ནས་གཞུ་མོ་གློག་སྒྱུར་གློག་ཁང་བར་གྱི་གློག་ལམ་དང་པོ་དང་གཉིས་པ་དང་། སྤོ་བོ་རྫོང་ནས་ཉིང་ཁྲི་བར་གྱི་གློག་ལམ་དང་པོ་དང་གཉིས་པ། མཛོ་སྒང་ནས་སྤོ་བོ་བར་གྱི་གློག་ལམ་དང་པོ་དང་གཉིས་པ་སོགས་ཡིན་ཞིང་། ལས་དོན་དེ་ལྷོ་ཁ་རྒྱ་ཚྭ་ནས་འགོ་བཙུགས་ཏེ་ཆབ་མདོ་མཛོ་སྒང་དུ་མཇུག་འགྲིལ་རྒྱུ་དང་རིང་ཚད་ཡོངས་ལ་སྤྱི་ལེ་1900ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཡན་ཟིན་ནས་སྔོན་དཔག་བྱས་ན་ཟླ་4ཚེས་30ཉིན་ལས་མཇུག་འགྲིལ་རེ་ཡོད།

གནམ་གྲུར་འཛེག་པ་དང་། འཕུར་བ། སྐོར་ཞིབ་བཅས་མཐའ་དག་གྲ་སྒྲིག་ཟིན་ཞིང། ལྟ་ཞིབ་པ་ཀྲོའུ་ཕིང་གིས་གློག་ཀླད་ལ་ནན་ཏན་ལྟ་བཞིན་གནམ་གྲུའི་ཕྱི་ངོས་ཀྱི་དམར་ཕྱིའི་ཆེས་གསལ་འཚོལ་ཞིབ་ཡོ་ཆས་ཀྱིས་དུས་ཐོག་ཏུ་འཚོལ་ཞིབ་ཐུབ་པའི་གློག་དྲ་འཁོར་རྒྱུག་གནས་ཚུལ་དང་གྲངས་གཞི་དེ་གནམ་གྲུའི་ནང་གི་གློག་ཀླད་བརྒྱུད་པར་རིས་སུ་གྲུབ་པ་དང་། པར་རིས་དང་བརྙན་ཕབ་ལ་དབྱེ་ཞིབ་བྱས་པ་བརྒྱུད་ཆུ་ཚོད་48ཀྱི་ནང་གློག་ལམ་བདེ་འཇགས་འཁོར་རྒྱུག་ལ་ཤུགས་རྐྱེན་བཟོ་བའི་སྐྱོན་ཆ་དང་མི་མངོན་པའི་རྐྱེན་ངན་འཚོལ་ཐུབ་ཀྱི་ཡོད། “འཕུར་སྐྱོད་མཇུག་འགྲིལ་རྗེས་གློག་ཀླད་དུ་གློག་དྲའི་ཞིབ་བཤེར་སྙན་སེང་ཞིག་རང་འགུལ་ངང་གྲུབ་པ་དེར་ང་ཚོས་དབྱེ་ཞིབ་ནན་ཏན་བྱེད་པ་དང་། གལ་ཏེ་གནད་དོན་ཐོན་ཚེ་ས་ངོས་ཀྱི་གློག་དྲ་སྲུང་སྐྱོང་ཉམས་གསོ་བྱེད་མཁན་གྱིས་དམིགས་འབེན་ཡོད་པའི་སྒོ་ནས་སྲུང་སྐྱོང་དང་ཉམས་གསོ་བྱས་ཏེ་ལས་ཕྱོད་ཆེ་རུ་གཏོང་ཐུབ”ཅེས་ཀྲོའུ་ཕིང་གིས་གསར་འགོད་པར་བཤད།

W020220414326418898597.jpg

བོད་དབུས་ཀྱི་དྲ་སྦྲེལ་གློག་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་གློག་ལམ་གཙོ་བོ་འཕྲེད་བཅད་རི་རྒྱུད་ཀྱི་ལྟེ་བའི་རྒྱུད་དང་མཚོ་བོད་ས་མཐོའི་ལྟེ་བ་བརྒྱུད་ཀྱི་རྫ་ཆུ་དང་། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ་བཅས་ལ་ཐེངས་10ལྷག་ཙམ་བརྒལ་བ་དང་ལམ་རྒྱུད་དེ་རླུང་གནོན་དམའ་བ་དང་། གསོ་རླུང་དཀོན་པ། གྲང་ངར་ཆེ་བ། ལྷགས་པ་ཆེ་བ། འགྱེད་འཕྲོ་ཆེ་བ་སོགས་ཀྱི་ས་ཁོངས་སུ་གནས་པས་གཉེར་སྐྱོང་སྲུང་སྐྱོང་གི་དཀའ་ཚད་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་མཁའ་དབྱིངས་ཀྱི“ལྕགས་ཁྱུང”གིས་བོད་ཀྱི་གློག་དྲར་གཡས་གཞོགས་གཡོན་འདེགས་བྱས་ཏེ་དུས་ཚོད་གྲོན་ཆུང་དང་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་མ་ཟད། ད་དུང་གཉེར་སྐྱོང་སྲུང་སྐྱོང་གི་ལས་ཕྱོད་ཧ་ཅང་ཆེ་རུ་གཏོང་ཐུབ་ཀྱི་ཡོད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཆེས་མཐོ་གནོན་ཀུང་སི་ཉིང་ཁྲི་གཉེར་སྐྱོང་སྲུང་སྐྱོང་ཡན་ལག་པུའུ་ཡི་ཧོ་ཝང་ཧུང་གིས། ཐད་འཕུར་གནམ་གྲུ་འཕུར་ཐེངས་གཅིག་ལ་ཆུ་ཚོད་གསུམ་ལྷག་ཙམ་འཕུར་ཐུབ་ནས་ཉུང་མཐར་ཡང་སྤྱི་ལེ་40ཟིན་པའི་གློག་འདྲེན་གློག་ལམ་གྱི་སྐོར་ཞིབ་ལས་དོན་ལེགས་གྲུབ་ཐུབ་པ་དང་ལས་སྒྲུབ་ལས་ཕྱོད་ནི་སྲོལ་རྒྱུན་གྱི་མི་ཐབས་སྐོར་ཞིབ་ལས་ལྡབ་བཅུ་ཕྲག་ཁ་ཤས་ཀྱིས་མཐོ་བ་ཡོད་ཅེས་ངོ་སྤྲོད་བྱས།

ད་ཕན་ལོ་ཤས་རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་འདྲེན་གློག་ལམ་གྱི་འཁོར་རྒྱུག་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གློག་འདྲེན་གློག་ལམ་གྱི་སྐོར་ཞིབ་བྱེད་སྟངས“མི་ཐབས་སྐོར་ཞིབ”ནས“ལངས་གཟུགས་སྐོར་ཞིབ་དང་གཅིག་སྡུད་ལྟ་སྐུལ་ཚོད་འཛིན”དུ་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།

W020220414326418899660.jpg

“ལྷག་པར་དུ་ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ་སོགས་ནུས་ཆེའི་སྐོར་ཞིབ་བྱེད་སྟངས་བཀོལ་སྤྱོད་བྱས་པ་བརྒྱུད། ང་ཚོས་སྤྱི་ལེ་1300ཡི་གློག་འདྲེན་གློག་ལམ་ལ་ཐད་འཕུར་གནམ་གྲུའི་ཆུ་ཞེང་དཔངས་གསུམ་གྱི་སྤྲིན་ཚོམ་ཡུལ་དངོས་ཀྱི་དཔེ་དབྱིབས་བཟོས་པ་དང་། སྤྱི་ལེ་3840ཡི་གློག་འདྲེན་གློག་ལམ་ལ་མི་མེད་གནམ་གྲུའི་ཆུ་ཞེང་དཔངས་གསུམ་གྱི་སྤྲིན་ཚོམ་ཡུལ་དངོས་ཀྱི་དཔེ་དབྱིབས་བཟོས་ཡོད”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྒྲིག་ཆས་པུའུ་གློག་འདྲེན་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཞུས་ཀྱིས་ངོ་སྤྲོད་བྱས་པ་དང་། དཔེ་དབྱིབས་བཟོས་པ་བརྒྱུད་གློག་འདྲེན་གློག་ལམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། སྤེལ་སྣོལ་མཆོང་སྐྱོད་ཚད་འཇལ། མངོན་མེད་རྐྱེན་ངན་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལས་དོན་རིག་ནུས་ལ་བརྟེན་ནས་མངོན་འགྱུར་ཐུབ་སྟེ་གློག་དྲ་འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་དང་གཉེར་སྐྱོང་སྲུང་སྐྱོང་གི་ཐབས་ཇུས་ལ་བློས་འགེལ་ཆོག་པའི་གཞི་འཛིན་ས་མཁོ་འདོན་ཐུབ་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།