ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས། “དམངས་ཆེད་ཡིད་རྟོན”གྱི་འདུ་ཤེས་ལག་ལེན་གང་ལེགས་བསྟར་ནས་ཐག་རིང་ལུང་ཁུག་གི་མཐའ་མཚམས་ཤང་གྲོང་ལ་ཡིད་རྟོན་འཚོལ་བཤེར་གྱི་ཞབས་འདེགས་ཞུ་བའི་ཆོག་འཐུས་རང་བཞིན་གྱི་འཆར་གཞི་བརྟག་དཔྱད་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཡིད་རྟོན་ཞབས་འདེགས་ཀྱི་བྱ་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། མཐའ་མཚམས་རྫོང་ཁོངས་ཀྱི་ཡིད་རྟོན་འཚོལ་བཤེར་གྱི་ཞབས་འདེགས་ལེགས་སུ་བཏང་བ་བཅས་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ལོ་མཇུག་བར་སྔ་རྗེས་སུ་བོད་ཀྱི་རྫོང་ཁོངས་སུ་མི་སྒེར་གྱི་ཡིད་རྟོན་སྙན་ཞུའི་རང་འགུལ་འཚོལ་བཤེར་འཕྲུལ་ཆས་83སྒྲིག་སྦྱོར་བྱས་པ་དེས་ཁོངས་གཏོགས་ཁུལ་ཡོངས་སུ་སྒྲིག་སྦྱོར་བྱས་པའི་བསྡོམས་འབོར་གྱི་47%ཟིན་པ་ལས་མཐའ་མཚམས་རྫོང་21ལ་ཁྱོན་བསྡོམས་འཕྲུལ་ཆས་29སྒྲིག་སྦྱོར་བྱས་པ་དང་། དེས་རྫོང་ཁོངས་སུ་སྒྲིག་སྦྱོར་བྱས་པའི་བསྡོམས་འབོར་གྱི་34%ཟིན་ཡོད་པ་རེད། ཁོངས་གཏོགས་ཡོངས་ཀྱི་ཤང་དང་གྲོང་རྡལ་ལ་རང་འདེམས་འཚོལ་བཤེར་འཕྲུལ་ཆས་12སྒྲིག་སྦྱོར་བྱས་པ་ལས་མཐའ་མཚམས་ཤང་དང་གྲོང་རྡལ་ལ་འཕྲུལ་ཆས་7སྒྲིག་སྦྱོར་བྱས་པ་དང་། དེས་ཤང་དང་གྲོང་རྡལ་ལ་སྒྲིག་སྦྱོར་བྱས་པའི་བསྡོམས་འབོར་གྱི་58%ཟིན་ཡོད་པ་རེད། 2021ལོའི་ལོ་མཇུག་བར་མཐའ་མཚམས་རྫོང་ཁོངས་ཀྱི་མི་སྒེར་གྱི་ཡིད་རྟོན་སྙན་ཞུའི་རང་འདེམས་འཚོལ་བཤེར་འཕྲུལ་ཆས་21ལ་བརྟེན་ནས་ཡིད་རྟོན་སྙན་ཞུ་ཁྱོན་བསྡོམས་20776འཚོལ་བཤེར་བྱས་པ་ལས་མཐའ་མཚམས་ཤང་གྲོང་གི་གྲོང་མིས་ཡིད་རྟོན་སྙན་ཞུ་ཁྱོན་བསྡོམས་608འཚོལ་བཤེར་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།