ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དབང་འདུས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དབང་འདུས་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། རང་འགུལ་ངང་ནག་ཉེས་ངོས་ལེན་ཞུས་པས། མིག་སྔར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

དབང་འདུས་ཀྱི་ལོ་རྒྱུས་མདོར་བསྡུས།

དབང་འདུས། སྐྱེས་པ། བོད་རིགས། 1963ལོའི་ཟླ་1པོར་སྐྱེས། བོད་ལྗོངས་པ་སྣམ་བ། 1992ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1984ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

1984ལོའི་ཟླ་7པ་ནས་1990ལོའི་ཟླ་9པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སློབ་འབྲིང་གི་དགེ་རྒན་བྱས།

1990ལོའི་ཟླ་9པ་ནས་1993ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་རྩོམ་སྒྱུར་ཅུས་སུ་ལས་ཀ་བྱས།

1993ལོའི་ཟླ་11པ་ནས་1994ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་རྩོམ་སྒྱུར་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བྱས།

1994ལོའི་ཟླ་10པ་ནས་1996ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་དོན་ཁང་དྲུང་ཡིག་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བྱས།

1996ལོའི་ཟླ་6པ་ནས་1996ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་གཞུང་དོན་ཁང་གི་ཁོའོ་རིམ་པ་རྒན་པའི་དྲུང་ཡིག་བྱས།

1996ལོའི་ཟླ་12པ་ནས་1997ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་གཞུང་དོན་ཁང་ཆ་འཕྲིན་ལྟ་བཤེར་ཁོའོ་ཡི་ཁོའོ་ཀྲང་གཞོན་པ(ཁོའོ་རིམ་པ་རྒན་པ)བྱས།

1997ལོའི་ཟླ་6པ་ནས་2000ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་དྲུང་ཆེ་གཞོན་པ་བྱས།

2000ལོའི་ཟླ་10པ་ནས་2002ལོའི་ཟླ་7པའི་བར། བོད་རང་སྐྱོང་ལྗོངས་རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་བྱས།

2002ལོའི་ཟླ་7པ་ནས་2004ལོའི་ཟླ་7པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་འཕེལ་རྒྱས་དང་འཆར་འགོད་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བྱས།

2004ལོའི་ཟླ་7པ་ནས་2005ལོའི་ཟླ་7པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཀྲུའུ་རེན་གཞོན་པ་བྱས།

2005ལོའི་ཟླ་7པ་ནས་2011ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ(2006ལོའི་ཟླ་4པ་ནས་2006ལོའི་ཟླ་9པའི་བར། རིག་གནས་པུའི་སྤྱི་ཚོགས་རིག་གནས་དཔེ་དེབ་སིའི་སི་ཀྲང་གཞོན་པར་གནས་སྦྱར)བྱས།

2011ལོའི་ཟླ་6པ་ནས་2013ལོའི་ཟླ་5པའི་བར། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཨུ་ཡོན་དང་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་བྱས།

2013ལོའི་ཟླ་5པ་ནས་2015ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བྱས།

2015ལོའི་ཟླ་6པ་ནས་2021ལོའི་ཟླ་9པའི་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བྱས།

2021ལོའི་ཟླ་9པ་ནས་2021ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འོས་མི(ཐིང་རིམ་པ་རྒན་པ)བྱས།

2021ལོའི་ཟླ་12པ་ནས་ད་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ(ཐིང་རིམ་པ་རྒན་པ)བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།