ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​རི་སྐྱེས་སྲོག་ཆགས་སྲུང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

3.jpg

པར་འདི་དག་ནི་བོད་ལྗོངས་ཆབ་མདོ་མངའ་ཁོངས་སུ་ཡོད་པའི་རི་སྐྱེས་སྲོག་ཆགས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཡུན་ནན་སྤྲེའུ་སེར་སྔོན་ཆད་ཀྱི300ལྷག་ནས800ལྷག་བར་མང་དུ་ཕྱིན་ཡོད། ཤྭ་སེར་རིགས3000ལྷག་ནས8000ལྷག་བར་མང་དུ་ཕྱིན་ཡོད། གསའ་དང་གཟིག་ཁྲ། བྱ་རྒོད། ཁྲུང་སྐྱ་སོགས་ཀྱི་རྩ་ཆེའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་སྔར་ལས་མང་པོ་མཐོང་རྒྱུ་ཡོད་པ”སོགས་སྲོག་ཆགས་ཀྱི་རིགས་མང་དུ་ཕྱིན་པའི་གྲངས་ཀ་དང་དགའ་འོས་པའི་གསར་འགྱུར་དག་ལས། ཉེ་བའི་ལོ་འགའི་རིང་ཆབ་མདོ་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་ལས་ཤུགས་སྣོན་ཐེབས་པ་མཚོན་ཡོད།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་རང་བྱུང་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ནི་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་འཚོ་གནས་དང་འབྲེལ་བ་ཡོད་པ་མ་ཟད། མིའི་རིགས་འཚོ་གནས་ཀྱི་འཕེལ་རྒྱས་དང་ཡང་འབྲེལ་བ་ཟབ་མོ་ཡོད་ལ། དེ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག གྲོང་ཁྱེར་ཞིག་དཔལ་ཡོན་དར་ཞིང་ཡར་རྒྱས་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས་དུས་དང་རྣམ་པ་ཀུན་ཏུ་སྲུང་སྐྱོང་སྔོན་ལ་འཇོག་པ་དང་། བེད་སྤྱོད་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྟན་པོར་བཙུགས་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང་།《བརླན་ས་སྲུང་སྐྱོང་བཅའ་ཁྲིམས》《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་ཕྱོགས་ཡོངས་ནས་གཏན་འགོག་དང་རི་སྐྱེས་སྲོག་ཆགས་གང་བྱུང་དུ་འཚོང་རྒྱུ་མེད་པར་བཟོ་བའི་སྲོལ་ངན་རྩ་མེད་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་པ་མ་ཟད། བོད་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་མཐོ་ཚད་ཐོག་ནས་རང་འགུལ་ངང་འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 2019ལོར། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ལ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས“ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་སྲུང་སྐྱོང་གི་སྔོན་ཐོན་ཚོགས་པའི”གཟི་བརྗིད་མཚན་སྙན་གནང་བ་རེད།

2018ལོར་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང5ཡི་ཚོད་ལྟའི་ལས་དོན་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ནས་དངོས་སུ་སྒོ་བྱང་བཀལ་བ་དང་། རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རང་བྱུང་སྲུང་སྐྱོང་ཁུལ3ལ་བསྡོམས་པས་མ་དངུལ་སྒོར་ཁྲི5300ལྷག་བཏང་ནས་སྲུང་སྐྱོང་ཁུལ་གྱི་རིམ་སྤོར་རྣམ་གྲངས་ཁག་བདེ་བླག་ངང་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱིས་རིགས་སོ་སོའི་ནགས་བསྐྲུན་ས་མུའུ་ཁྲི144.28ལེགས་འགྲུབ་བྱས། གཞན་ཡང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་འོག་རིགས་སོ་སོའི་སྲུང་སྐྱོང་མ་དངུལ་བཏང་ནས། རིགས་སོ་སོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ནགས་བཟོ་ལྗང་བསྒྱུར་བྱས་པ་དང་། སྲུང་སྐྱོང་ས་ཁོངས་ཞིབ་ཚགས་སུ་བཏང་བ་བཅས་བརྒྱུད་དེ། རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་ཐེབས་པ་དང་འཚོ་གནས་ཀྱི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་དང་སྐྱིད་སྣང་ལྡན་པར་གྱུར།

ཉེ་བའི་ལོ་འགའི་རིང་། རྨས་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་རྙེད་ཚད་མཐོ་རུ་བཏང་ནས། རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་རོགས་སྐྱོབ་བྱེད་ཚད་ལ་འགན་ལེན་ཡག་པོ་བྱ་ཆེད། ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་རི་སྐྱེས་སྲོག་ཆགས་སྐོར་སྲུང་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་ནགས་སྲུང་པ་དང་བདག་སྐྱོང་པ། ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་ལས་གནས་ཀྱི་མི་སྣའི་འགན་འཁྲིའི་ཁྱབ་ཁོངས་ནང་བཅུག་ནས། གྲོང་ཁྱེར་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་མི་སྣ14ཡི་དོ་དམ་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་ནད་ཡམས་ཐག་གཅོད་ཀྱི་གསལ་སྟོན་རི་མོ》དང《རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ཐག་གཅོད་ཀྱི་གྱོད་གཞི》ཞིབ་འཇུག་བྱས་ནས་བཟོས་ཤིང་། ལྟ་སྐུལ་དང་ཐེར་འདོན་གོང་ཞུའི་ཁ་པར་བཀོད་སྒྲིག་བྱས་ནས་ཆུ་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་དང་སྙན་ཞུ་མེད་པའི་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་རྒྱུན་ལྡན་མིན་པར་ཤི་བར་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱེད་ཐུབ་པར་ཁག་ཐེག་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ཁྱབ་རྒྱ་ཆེ་རུ་འགྲོ་བ་སོགས་དོན་རྐྱེན་འབྱུང་བར་གཏན་འགོག་བྱེད་པ། གང་བྱུང་དུ་རི་སྐྱེས་སྲོག་ཆགས་རྔོན་ནས་ཁྲིམས་འགལ་གྱིས་ལས་སྣོན་དང་སྐྱེལ་འདྲེན། གཉེར་སྐྱོང་དང་བེད་སྤྱོད་བཅས་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་བཀག་འགོག་བཅས་བྱས་པ་རེད།

2018ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་བསྡོམས་པས་རི་སྐྱེས་སྲོག་ཆགས200ལྷག་ཙམ་ལ་རོགས་སྐྱོབ་བྱས་པ་དང་། སེམས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་རྗེས་ཡང་བསྐྱར་རང་བྱུང་ཁམས་སུ་བཏང་ཞིང་། གཅིག་རྙེད་ན་གཅིག་སྐྱོབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།